国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡི་འབྲེལ་ཡོད་མཛུབ་སྟོན་མཆན་བཀོད་ཀྱི་སྙིང་དོན། ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་གྱི2025ལོའི་ཚོགས་འདུ་ཐེངས་གསུམ་པ་དང་།མུ་མཐུད་དེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐར་ཕྱིན་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ཆེད་དོན་ཞིབ་འཇུག་གྲོས་མོལ་འཛིན་གྲྭའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི《(ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་སྐྱོང་སྐོར་གླེང་བ)ཡི་བམ་པོ་ལྔ་པར་སློབ་སྦྱོང་ནན་ཏན་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་གཞི་དམ་འཛིན་དང་མ་འཇོག་སྐུལ་འདེད་ལས་ཀ་བཀོད་གཏོང་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། ད་དུང་ཁུལ་ཡོངས་ཀྱི་ལས་གཞི་དམ་འཛིན་དང་མ་འཇོག་སྐུལ་འདེད་ལས་ཀའི་གནས་ཚུལ་ལ་ཉན་འཇོག་བྱས་པ་རེད།།

ཚོགས་འདུར་ད་དུང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)