སྤྱི་ཟླ9ཚེས8ནས11ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ལི་ཐང་དང་ཉག་ཆུ། ཕྱག་ཕྲེང་རྫོང་སོགས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་སྐབས་ཁོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་།ངར་ཤུགས་སྒྲིམ་ཞིང་བྱེད་ཐབས་སྣ་མང་སྤྱད་དེ་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་མ་འཇོག་སྐུལ་འདེད།འཕར་སྣོན་བརྟན་པོ་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི།ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད།
ས་གནས་རེར་སླེབས་དུས་ཧྲེན་དབྱང་གིས་ཡུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཐད་ནན་ཏན་གྱིས་གསན་འཇོག་དང་། ལས་གཞི་གལ་ཆེན་གྱི་མ་འཇོག་འཛུགས་སྐྲུན་གྱི་མྱུར་ཚད་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ། ཡུལ་དེ་གའི་བློ་མཐུན་དང་མཉམ་དུ་མ་འཇོག་དང་སྔོན་དཔག།འཕར་སྣོན་བཅས་བརྟན་པོ་ཡོང་བའི་བྱ་ཐབས་ལ་ཞིབ་འཇུག་གནང་བ་རེད། (པར་ངོས་བཞི་པར་གཟིགས།)