国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་ལས་གཞིའི་རྒྱུ་ནོར་ཚད་ལྡན་དོ་དམ་ལས་དོན་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་རྟའུ་རྫོང་དུ་འཚོགས།

སྤྱི་ཟླ9ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་ལས་གཞིའི་རྒྱུ་ནོར་ཚད་ལྡན་དོ་དམ་ལས་དོན་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་རྟའུ་རྫོང་དུ་འཚོགས་པ་རེད། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་ཡུལ་སྡེ་དར་རྒྱས་གཏོང་བར་ཕན་ནུས་ལྡན་པའི་འབྲེལ་མཐུད་བྱ་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་དང་། ཉམས་མྱོང་ཕྱོགས་བསྡོམས་སྤེལ་རེས་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ནས་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི་གཞོན་པ།ཐིང་དཔོན་གཞོན་པ་ཏུའུ་ཧའེ་དབྱང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་གིས་ཤིས་ཚིག་ཕུལ།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་མངགས་བཅོལ་ལྟར། ཝང་ཡུས་ཆུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ཏེ་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི“ཞིང་གསུམ་”ལས་དོན་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་སྤུན་ཟླ་གྲོང་ཁྱེར་དང་ཁུལ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཁོས་ཁུལ་ཡོངས་ཀྱིས་ད་ཐེངས་ཀྱི་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་རོགས་སྐྱོར་ལས་གཞིའི་རྒྱུ་ནོར་དོ་དམ་ནུས་ཤུགས་ཡོད་རྒུས་ཚད་ལྡན་དུ་བཏང་སྟེ། རིགས་དང་ཁག་བགོས་ནས་རོགས་སྐྱོར་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར803.99དང་ཐོན་ལས་ལས་གཞིའི་རྒྱུ་ནོར6268ལ་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་རུ་གཏང་རྒྱུ་དང་། ཞིང་ལས་ལ་ཕན་འབྲས་ཆེར་གཏོང་དང་ཞིང་པའི་ཡོང་འབབ་འཕར་བ།ཞིང་སྡེ་ལ་གསོན་ཤུགས་རྒྱས་པ་བཅས་འགྲུབ་གང་ཐུབ་བྱས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་ཕྱིར་མི་ལྡོག་པ་ཡུན་ནས་ཡུན་དུ་བརྟན་སྲུང་བྱ་དགོས་ཞེས་བཤད་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)