国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་གིས་ཡུལ་སྡེ་རིག་གནས་དར་རྒྱས་འཁྲབ་སྟོན་འགྲན་སྡུར་སྤེལ།

འཁྲབ་སྟོན་འགྲན་སྡུར་གྱི་ཡུལ་དངོས།

སྤྱི་ཟླ9ཚེས12ཉིན། སི་ཁྲོན་ཞིང་ཆེན་ཡུལ་སྡེ་རིག་གནས་དར་རྒྱས་ངོ་མཚར་འཁྲབ་སྟོན་འགྲན་སྡུར་སྐབས་ལྔ་པའི་དཀར་མཛེས་ཁུལ་ལི་ཐང་འགྲན་ཁུལ་གྱི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་སྡུར་བྱེད་སྒོར་ཡུལ་སྡེ་རྒྱབ་ལྗོངས་ཆེན་པོ་དང་རིག་གནས་གཙོ་དོན་བྱེད་པ་དང་མང་ཚོགས་གཙོ་བོར་བྱས་ཏེ་ཡུལ་བབ་རིག་གནས་དར་སྤེལ་གཏོང་བ་དང་ཡུལ་སྡེའི་ཉམས་འགྱུར་མངོན་པར་བྱེད་པ། གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་བརྒྱུད་འཛིན་དང་། དམངས་སྲོལ་གཏམ་རྒྱུད་སྔོག་འདོན་བྱས་པ་བརྒྱུད་ཡུལ་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་པ་རེད།

ལི་ཐང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ22ནས་ཡོང་བའི་འཐུས་མི་རུ་ཁག་གིས་ཕུལ་དུ་བྱུང་བའི་གླུ་གར་སྒྱུ་རྩལ་གར་སྟེགས་ཐོག་ནས་འཁྲབ་སྟོན་ངོ་མཚར་བ་བྱས་ཤིང་། འཁྲབ་སྟོན་ཧྲིལ་པོར་ལི་ཐང་རྫོང་གི་ཡུལ་སྡེ་རིག་གནས་དར་རྒྱས་ཀྱི་གྲུབ་འབྲས་དང་། ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས། གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ། ཤེས་དཔལ་ལྡན་པའི་ཡུལ་སྡེའི་ཉམས་འགྱུར་བཅས་ཁྱོན་ཡོངས་ནས་མངོན་པ་རེད།

ད་ཐེངས་ཀྱི་འགྲན་སྡུར་ནི་རིག་གནས་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཡིན་པར་མ་ཟད། ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་རང་འགུལ་ངང་ཡུལ་སྡེ་དར་རྒྱས་ནང་ཞུགས་པའི་ལག་ལེན་ཞིག་ཀྱང་ཡིན་པའོ།།