སྤྱི་ཟླ9ཚེས17ཉིན། འབའ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་ཧྲོང་ལིའུ་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི2025ལོའི“འབའ་ཐང་དང་ཧྲོང་ལིའུ་སེམས་མཐུན་ལས་ཞུགས་རོགས་རམ”ཞེས་པའི་གདན་ཞུའི་ཚོགས་འདུ་འབའ་ཐང་རྫོང་ཀྲུང་ཧྲན་ཐང་ཆེན་དུ་འཚོགས་ཤིང་། ས་གནས་གཉིས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལས་ཞུགས་རོགས་རམ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་གཏང་བ། ཡུལ་སྡེ་དར་རྒྱས་ཡོང་བ་བཅས་ལ་རོགས་རམ་བཅས་བྱས་པ་རེད།
བྱེད་སྒོའི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ཁྲེང་ཏུའུ་ཧྲོང་ལིའུ་དང་ཀྲེ་ཅང་། དཀར་མཛེས་ཁུལ་སོགས་ནས་ཡོང་བའི་སྤུས་ལེགས་ཁེ་ལས42དེའི་ནང་ཞུགས་ཡོད། ས་ཁུལ་མི་འདྲ་བའི་ཁེ་ལས་མཉམ་དུ་འཛོམས་ནས་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུ་ལས་རིགས། ཟོང་འགྲུལ་སྐྱེལ་འདྲེན། གློག་འཕྲིན་འཕྲིན་གཏོང་སོགས་ཁྱབ་ཁོངས་མང་པོའི་ལས་ཞུགས་ལས་གནས1000ལྷག་མཁོ་འདོན་བྱས་ཡོད་པ་དང་། གླ་ཕོགས་སྒོར4000ནས13000བར་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཁྱོན་མི་གྲངས400ལྷག་ལས་ཀ་འཚོལ་བར་ཞུགས་ཡོད་པ་རེད། རྗེས་མར་ཧྲོང་ལིའུ་དང་འབའ་ཐང་ས་གནས་གཉིས་ཀྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མུ་མཐུད་དེ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ངལ་ནུས་འབྲེལ་མཐུད་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་རེད།།
( ལེ་ཚན་འདི་ཡེ་ཤེས་ཀྱིས་བསྒྱུར།)