སྨྱུག་མིང་ལ་ཁམས་འོད་གསལ་ཞེས་འབོད། སྔོན་ཆད"ཁྲག་གདོང"ཞེས་པའི་མིང་ཡིག་གཅིག་བཏགས་མྱོང་། ད་ལྟའི་མིང་འདི་སྙན་ངག་ལ་དགའ་ཞེན་ཆགས་པའི་དུས་ཀྱི་བར་གསེང་ནས་རང་ཉིད་ཀྱིས་བཏགས། ༡༩༩༦ལོར་ཁམས་ཕྱོགས་སུ་རོང་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། དེ་ནས་རིམ་གྱིས་དམར་སེར་ངུར་སྨྲིག་གི་སྡེ་རུ་ཞུགས་ནས་ནང་པའི་རིག་གཞུང་ལ་སློབ་སྦྱོང་བྱེད་བཞིན་པའི་གྲྭ་མིང་འཛིན་པ་ཞིག་ཀྱང་ངོ་། །༢༠༡༨ལོ་ནས་སྐབས་བབ་ཀྱི་སློབ་སྦྱོང་གི་ཞོར་དུ་སྙན་ངག་ལ་དུང་བ་རྒྱས་ཏེ་བོད་ཀྱི་རྩོམ་རིག་གི་ཞིང་ས། 《སློབ་མཇུག་དཔྱད་རྩོམ་ཕྱོགས་བསྒྲིགས།》《གངས་དཀར་རི་བོ།》《དཀར་མཛེས་ཀྱི་དཀར་མཛེས།》《མེས་པོའི་མཆོད་སྤྲིན།》《མང་ཆུ།》《རྫོང་སར་རྩོམ་རིག》《ཁམས་པའི་རྩོམ་རིག་སྒྱུ་རྩལ།》《གཙང་གསུམ།》《མཚོ་སྔོན་བོད་ཡིག་གསར་འགྱུར།》《ཁམས་པའི་བོད་ཡིག་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར》《རྔ་བའི་བོད་ཡིག་ཚགས་པར》《རྨ་ལྷོ་བོད་ཡིག་ཚགས་པར།》《བོད་ལྗོངས་ཉིན་རེའི་ཚགས་པར།》《མཆོད་མེ་དྲ་བ།》《མཐོང་གྲོལ་དྲ་བ།》《ཁམས་པའི་བོད་ཡིག་དྲ་བ།》《རྒྱལ་ཡོངས་ས་ཆེན་དྲ་བ།》གཙོས་ཏེ་དུས་དེབ་དང་ཚགས་པར་དྲ་བ་ཁག་ཏུ་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་ཡོད།