国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངར་ཤུགས་སྒྲིམ་ཞིང་བྱེད་ཐབས་སྣ་མང་སྤྱད་དེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་ཡོང་བ་བྱ་དགོས།

( པར་ངོས་དང་པོར་མཐུད།)ཁོང་གིས་རིམ་པ་ཁག་དང་སྡེ་ཚན་སོ་སོས་ཞིང་ཆེན་ཡོངས་ཀྱི་ལས་གཞི་འཛིན་ཞིང་མ་འཇོག་ལ་སྐུལ་བའི་ལས་ཀ་བཀོད་གཏོང་ཚོགས་འདུའི་སྙིང་དོན་མཐའ་གཅིག་ཏུ་དོན་འཁྱོལ་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་།ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་སྒྲིལ་དང་།གཙོ་གནད་ལས་གཞི་འཛུགས་སྐྲུན། ལོ་ཧྲིལ་པོའི་ལས་འགན་སྐུལ་སྤེལ་བཅས་ལ་དོ་སྣང་བྱས་ཏེ།རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཞིང་འབྲོག་ལས།ནུས་རྒྱུ་གཙང་མ་བཅས་ཀྱི“དོན་ཆེན་གསུམ”ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་གསར་བསྒྱུར། དམངས་འཚོ་ལས་རིགས། འཛད་སྤྱོད་རྒྱ་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་གཙོར་བྱས་ཏེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་གཏིང་ཤུགས་རྒྱུན་ཆད་མེད་པར་གསོག་འཇོག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དུས་ཆེན་ཐེངས་བཅུ་པ་སླེབས་ལ་ཉེ་སྐབས་ཧྲེན་དབྱང་སྔ་རྗེས་སུ་ཉག་ཆུ་རྫོང་གཙང་ཤུལ་དགོན་པ་དང་།k158ཇོ་མོ་དགོན་པ། ཉག་ཆུ་རྫོང་ཧོར་ལུང་གྲོང་རྡལ་མཚོ་ཁོག་གྲོང་སྡེ་དང་པོ་དང་ཆུ་ཁ་གྲོང་རྡལ་བཅས་སུ་ཕེབས་ནས་མཛའ་འབྲེལ་དགེ་འདུན་པ་ཚུལ་ཁྲིམས་དང་བློ་བཟང་བསམ་འགྲུབ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་མཛའ་འབྲེལ་དུད་ཚང་ཕ་ལམ་དང་ཝུའུ་ཁྲང་མིན། ཝུའུ་ཡུང་ཁང་བཅས་ལ་ཐུག་འཕྲད་གནང་བ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་ཕྱོགས་ཡོངས་ནས་སྤེལ་རེས་། མཉམ་འདྲེས་ཟབ་མོ་བཅས་ལ་རྒྱུན་ཆད་མེད་པར་བསྐུལ་ནས་ངོས་འཛིན་གཅིག་མཐུན་གྱིས་རེས་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྱོང་ནན་འཛིན་དང་། མཐུན་སྒྲིལ་དང་འབྱོར་ཕྱུག། འཆམ་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱ་དགོས་ཞེས་གསུངས་པ་རེད།

ཁུལ་མགོ་ཁྲིད་ཁྲེན་པོ་ཐའོ་དང་།ལི་ཐང་དང་ཉག་ཆུ། ཕྱག་ཕྲེང་རྫོང་བཅས་ཀྱི་ཏང་ཨུ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་ཞིབ་ནང་ཞུགས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)