ཐེན་ཅིན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ།
ཁྱེད་རྣམ་པ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཐེན་ཅིན་སློབ་ཆེན་བཙུགས་ནས་ལོ་ངོ130འཁོར་བའི་མཚམས་འདིར་དགེ་སློབ་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན།
འགོ་འཛུགས་ས་གསར་པར། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་པ་དང་། སློབ་ཁྲིད་དང་ཚན་ཞིབ་སྒྱུར་བཅོས་ཟབ་ཏུ་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་པ། ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་བཅས་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད།
ཞི་ཅིན་ཕིང་།
2025ལོའི་ཟླ9ཚེས30ཉིན།
(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10ཚེས2ཉིན་འབྱོར་བའི་གློག་འཕྲིན)