国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡུལ་སྐོར་བས“12345”སྟེགས་བུ་བརྒྱུད་ནས་ཉེན་རྟོག་པར་བཟང་བསྟོད་བྱས།

རྒྱལ་སྟོན་དུས་ཆེན་རིང་། དཀར་མཛེས་ཁུལ་སྤྱི་བདེ་ཁྱད་ལྡན་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ་ཆེད་ལས་དང་བྱམས་བརྩེའི་ཐོག་ནས་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྲུང་སྐྱོང་བྱས།

སྤྱི་ཟླ10པའི་ཚེས4ཉིན་གྱི་སྔ་དྲོར། ཡུལ་སྐོར་བ་སུན་ཆེ་གེ་མོ་དར་མདོ་གྲོང་ཁྱེར་རྒྱུ་ལའི་ལྗོངས་ཁུལ་དུ་སྐྱོད་སྐབས་དོགས་ཟོན་མ་བྱས་པར་འགྲོ་རོགས་ཚོ་དང་ཁ་འཐོར་བར་མ་ཟད། འཚོ་དབུགས་དམ་བེ་མ་འཁྱེར་པས་ས་བབ་མཐོ་བའི་ཁོར་ཡུག་འོག་ཉེན་ཁའི་གནས་སུ་གྱར། དེ་གར་ལས་འགན་སྒྲུབ་བཞིན་པའི་དཀར་མཛེས་ཁུལ་ཁྱད་ལྡན་ཉེན་རྟོག་སྐབས་བསྟུན་རུ་ཁག་དང་པོའི་རུ་མི་དབྱང་ཀོང་ཕེང་གིས་དུས་ཐོག་ཏུ་གནས་ཚུལ་ཤེས་རྟོགས་བྱུང་ནས་འཕྲལ་མར་རོགས་སྐྱོར་དང་ངང་རྒྱུད་རིང་པོས་སུན་ཆེ་གེ་མོའི་དཀའ་ངལ་སེལ་རོགས་བྱས། རྗེས་སུ་སུན་ཆེ་གེ་མོས“12345”དམངས་བདེ་ཞབས་ཞུའི་སྟེགས་བུ་བརྒྱུད་ནས་ཆེད་དུ་བཟང་བསྟོད་དང་འབྲེལ་ཡོད་སྡེ་ཚན་གྱིས་དབྱང་ཀོང་ཕེང་གི་བྱ་སྤྱོད་བཟང་པོར་ཁས་ལེན་བྱ་རྒྱུའི་རེ་བ་བཏོན།

ཤེས་རྟོགས་བྱུང་བར་གཞིགས་ན། དབྱང་ཀོང་ཕེང་ནི་དཀར་མཛེས་ཁུལ་ཁྱད་ལྡན་ཉེན་རྟོག་སྐབས་བསྟུན་རུ་ཁག་དང་པོའི་རུ་མི་ཡིན། རྒྱལ་སྟོན་དུས་ཆེན་རིང་དཀར་མཛེས་ཁུལ་སྤྱི་བདེ་ཅུས་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་འོག་དཀར་མཛེས་ཁུལ་ཁྱད་ལྡན་ཉེན་རྟོག་པས་ཆེད་དུ་མི་སྣ་མངགས་ནས་རྒྱུ་ལར་ལས་དོན་སྤེལ་རོགས་བྱས། ཁོ་ཚོས་འགྲིམ་འགྲུལ་གནོན་ཤུགས་ཆེ་ཡང་འགྲོ་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པར་འགན་ལེན་བྱས་པར་མ་ཟད། ཡུལ་སྐོར་བར་ཉེན་མེད་དང་སེམས་བདེ་བག་ཕེབས་ཀྱི་ཡུལ་སྐོར་ཚོར་སྣང་སྐྱིད་པོ་སྟེར་བ་རེད།།

( རྟ་མགྲིན་གྱིས་བསྒྱུར།)