国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བ་དུང་ཕྱུར8.88ལ་ཟིན།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ཡུལ་སྐོར་བས་ཧོ་ནན་ཞིང་ཆེན་མེང་ཀྲོའུ་གྲོང་ཁྱེར་ཀྲའོ་ཧོ་གྲོང་རྡལ་དུ་ལྟ་སྐོར་བྱེད་བཞིན་པ།

ཡུལ་སྐོར་བས་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་མེང་ཅིན་ཆུས་ཁྲའོ་དབྱང་གྲོང་རྡལ་ཝེ་ཕོ་གྲོང་སྡེའི་ཝེ་ཕོ་ཞིན་ཞུས་ལས་གཞི་རུ་ལྟ་སྐོར་བྱེད་བཞིན་པ།

ཁྱིམ་བདག་གིས་ཕྲུ་གུ་ཁྲིད་ནས་ཧའེ་ནན་སན་ཡ་ནན་ཧྲན་རིག་གནས་ཡུལ་སྐོར་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

ཡུལ་སྐོར་བས་ནན་ཅིང་ཧྥུ་ཙི་དགོན་པའི་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིང་ཧྲ་རི་བོའི་ཟླ་བའི་ཆུ་མིག་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།

ཡུལ་སྐོར་བས་ཧའེ་ནན་ཞིང་ཆེན་ཆུང་ཧའེ་གྲོང་ཁྱེར་པོ་ཨའོ་མཚོ་འགྲམ་དུ་ལྟ་སྐོར་བྱེད་བཞིན་པ།

སྤྱི་ཟླ10པའི་ཚེས9ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས2025ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཚོད་རྩིས་བྱས་པ་བརྒྱུད་གུང་གསེང་ཉིན8ནང་རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་བ་དུང་ཕྱུར8.88ལ་ཟིན་པ་དེ2024ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཉིན7ལས་ཡུལ་སྐོར་བ་དུང་ཕྱུར1.23མང་དུ་ཕྱིན་པ་དང་། རྒྱལ་ནང་དུ་ཡུལ་སྐོར་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར8090.06དེ2024ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཉིན7ལས་སྒོར་དུང་ཕྱུར1081.89འཕར་བ་རེད།།