国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་དཀར་མཛེས་ཁུལ་ཨང་ཀིས་ཡུལ་སྡེ་དར་རྒྱས་ལ་ནུས་པ་སྤྲོད་པའི་ཡུལ་དངོས་ཚོགས་འདུར།

ཨང་ཀིས་ནུས་སྤྲོད་རྒྱུན་འཁྱོངས་དང་ཨང་ཀིའི་ཡུལ་སྡེ་འཛུགས་སྐྱོང་བྱས་ཏེ་ཀར་མཛེས་ཁུལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་ འགྱུར་བར་མགྱོགས་སུ་བསྐུལ་དགོས་ཞེས་གསུངས།

སྤྱི་ཟླ10ཚེས11ཉིན། དཀར་མཛེས་ཁུལ་ཨང་ཀིས་ཡུལ་སྡེ་དར་རྒྱས་ལ་ནུས་པ་སྤྲོད་པའི་ཡུལ་དངོས་ཚོགས་འདུ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས“ཞིང་གསུམ་”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ཨང་ཀིའི་ལག་རྩལ་དང་ཡུལ་སྡེ་འཕེལ་རྒྱས་མཉམ་འདྲེས་ལ་བསྐུལ་ཏེ་དཀར་མཛེས་ཁུལ་གྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མགྱོགས་སུ་བསྐུལ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱ་ཆེད་བྱས་རྗེས་དགོས་ངེས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཐུང་རུང་ཚོགས་འདུར་ཞུགས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

( པར་ངོས་གཉིས་པར་གཟིགས།)