国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི(རྒྱས་འཛོམས)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2025ལོའི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་ཐེངས་བརྒྱད་པ་འཚོགས།

སྤྱི་ཟླ10ཚེས10ཉིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི(རྒྱས་འཛོམས)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2025ལོའི་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ་དང་། ཚོགས་འདུར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཏང་ཨུ་དང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས།ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སྙིང་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ལག་བསྟར་དང་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གཏམ་བཤད་བྱས་པ་རེད།

ཚོགས་འདུར་ནན་བཤད་བྱས་དོན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་བསྟར་བ་དེ་ངེས་པར་དུ་སྦྱོང་དགོས་པ་དང་ནམ་རྒྱུན་སྦྱོང་དགོས་པའི་སློབ་ཚན་དུ་བརྩིས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་རིགས་རྟོགས་པ་བཅས་རྒྱུན་འཁྱོངས་ཏེ་དགོངས་པ་གལ་ཆེན་དེའི་འཕེལ་རྒྱས་ཀྱི་གོ་རིམ་དང་སྙིང་དོན་གཙོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱ་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)