国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད། )

ཧྲེན་དབྱང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་དང་ཕན་ནུས་ལྡན་པའི་འབྲེལ་མཐུད་བྱ་བར་དམིགས་ནས། ཆེད་དོན་བགོས་ནས་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བར་གཙོ་གནད་ཞིབ་འཇུག་དང་འཆར་འགོད་བྱས་ཏེ།སྔ་རྗེས་སུ་འབྲོག་ཁུལ་ལས་ཀའི་ཡུལ་དངོས་ཚོགས་འདུ་དང་།“སྐྱེ་ལྡན་ཁུལ”ཡུལ་དངོས་ཚོགས་འདུ།“བརྒྱ་གཉིས་ལས་གྲྭའི”ཡུལ་དངོས་ཚོགས་འདུ་བཅས་འཚོགས་ནས་ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་ལས་འགན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། དབུལ་ཕོངས་སུ་ལོག་པར་སྔོན་འགོག་མཐིལ་ཚད་དེ་བས་སྲ་བརྟན་དུ་གཏོང་བ་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ། འཆམ་མཐུན་མཛེས་སྡུག་གི་ཡུལ་སྡེ་འཛུགས་སྐྲུན་བྱས་པ། ཡུལ་སྡེ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་མཐོར་གཏོང་བ།ཞིང་ལས་དང་ཞིང་སྡེ་བསྒྱུར་བཅོས་བརྟན་པོའི་ངང་སྐུལ་བ་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མུ་མཐུད་དེ་འཁུར་བ་དང་། ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་ལག་ལེན་དང་དོན་འཁྱོལ་ནན་འཛིན་བྱས་ཏེ། ཞིང་ལས་ཁྱོན་ཡོངས་ནས་རིམ་སྤོར་དང་གྲོང་སྡེ་ཁྱོན་ཡོངས་ནས་ཡར་ཐོན། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ཡོང་བར་རྒྱུན་ཆད་མེད་པར་བསྐུལ་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་ལ་སྐུལ་འདེད་སྔར་བས་ལེགས་པར་གཏང་དགོས།

ཧྲེན་དབྱང་གིས་བླང་བྱ་བཏོན་དོན། ཨང་ཀིས་ནུས་སྤྲོད་ལ་མུ་མཐུད་ཤུགས་བསྣན་ཏེ་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས་པ་སྟེ། ཁྱོན་ཡོངས་ནས་ཨང་ཀིའི་རྨང་གཞི་བརྟན་པོ་འཛུགས་དགོས་པ་དང་། རིག་ནུས་ཞིང་ལས་འཕེལ་རྒྱས་ཇེ་ཟབ་ཏུ་གཏང་དགོས་པ། ཡུལ་སྡེ་ཨང་ཀི་ཅན་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་གཏང་དགོས་པ། ཡུལ་སྡེའི་བློ་རིག་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏང་དགོས་པ།

ཧྲེན་དབྱང་གིས་ནན་གསུང་གནང་དོན། གཅིག་ནས་གཙོ་གནད་ཀྱི་དམིགས་འབེན་ལས་འགན་ལ་གཞིགས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ལས་དོན་ཁག་དོན་ཐོག་འཁྱོལ་ཞིང་ཕན་འབྲས་དངོས་ཐོན་པར་ཤུགས་ཡོད་རྒུས་སྐུལ་དགོས། གཉིས་ནས་བར་བརྒལ་དུས་རིམ་རྗེས་ཀྱི་སྲིད་ཇུས་སྦྲེལ་མཐུད་ལེགས་པོ་བྱ་དགོས་པ། གསུམ་ནས་ཡུལ་སྡེའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེར་གཏང་དགོས། བཞི་ནས་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་དགོས། ལྔ་ནས་མཐིལ་འདེགས་རང་བཞིན་གྱི་རོགས་སྐྱོར་ལ་ཏན་ཏིག་བསྐུལ་དགོས། དྲུག་ནས་ཞིང་སྡེའི་བསྒྱུར་བཅོས་སྔར་བས་ཟབ་ཏུ་གཏང་དགོས།

ཚོགས་འདུར་དཀར་མཛེས་ཁུལ་གྱི2024ལོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པའི་གྲོང་སྡེར་བརྡ་ཁྱབ་བཏང་ནས་བསྟོད་བསྔགས་བྱས་པ་དང་།“དཀར་མཛེས་ཁུལ2024ལོའི་གློག་རྡུལ་ཚོང་ལས་ཀྱི་ཞིང་ལས་རོགས་ཚོང་ཨང་དང་པོ”ཡི་མཚན་སྙན་ཐོབ་པའི་ལས་རིགས་འཐུས་མིར་བྱང་བུ་སྤྲད་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པ་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས་པ་རེད། འབྲེལ་ཡོད་ཀྱི་ཁུལ་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། རྫོང(གྲོང་ཁྱེར)ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན།“དཀར་མཛེས་ཁུལ2024ལོའི་གློག་རྡུལ་ཚོང་ལས་ཀྱི་ཞིང་ལས་རོགས་ཚོང་ཨང་དང་པོ”ཡི་མཚན་སྙན་ཐོབ་པའི་འཐུས་མི་བཅས་ཚོགས་ར་གཙོ་བོར་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)