དེ་སྔོན་སྐྱེ་ཁམས་ཉམས་གསོ་དང་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་བརྒྱུད། ཉེ་ཆར་ཧའེ་ནན་ཞིང་ཆེན་ཁྲང་ཅང་ལི་རིགས་རང་སྐྱོང་རྫོང་དུ་ཡོད་པའི་ཁྲང་ཅང་ཧའེ་ཝེ་རྒྱལ་ཁབ་འདམ་ར་གླིང་ག་མང་ཚོགས་ལ་ཁ་ཕྱོགས་ནས་སྒོ་འབྱེད་སླར་གསོ་བྱས་པ་རེད། གླིང་ག་དེའི་འཆར་འགོད་རྒྱ་ཁྱོན་མུའུ5000ལྷག་ཡོད་པས། དེ་ནི་ཧའེ་ནན་གླིང་ཕྲན་གྱི་མཚོ་འགྲམ་ཚྭ་མེད་ཆུའི་འདམ་ར་ཉུང་ཤས་ཀྱི་གྲས་ཡིན་ལ། ཧའེ་ནན་གླིང་ཕྲན་ནུབ་མཚོ་འགྲམ་གྱི་དུས་བྱའི་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན་པས་ཧའེ་ནན་ནུབ་རྒྱུད་ཀྱི་བྱ་རིགས་ལྷ་ཡུལ་ཞེས་པའི་མཚན་སྙན་ལྡན།
ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཧའེ་ནན་ཁྲང་ཅང་ཧའེ་ཝེ་རྒྱལ་ཁབ་འདམ་ར་གླིང་ག་རུ་བྱ་རིགས213ཡོད་པ་དང་། དེའི་ནང་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་བྱ་རིགས42བཅས་ཡོད་པས་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་བཞིན་ཡོད་པ་རེད།།