སྤྱི་ཟླ10ཚེས13ཉིན། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་གྲྭ་གལ་ཆེན་སྟེ་ཧྭ་ནུས་གློག་འདོན་ཅིན་ཧྲང་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་སྒོ་བརྒྱབ་པ་ནས་རང་རྒྱལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་འཕགས་མཐོ་ཤོས་ཀྱི་ཨར་འདམ་གྱི་འཁྱོག་ཟུང་གཞུ་དབྱིབས་ཆུ་རགས་གློག་ཁང་གི་ཐོག་མའི་འཕྲུལ་འཁོར་ཚན་པས་གློག་འདོན་པའི་གྲ་སྒྲིག་དུས་མཚམས་སུ་དངོས་སུ་སླེབས་པ་དང་།སྔོན་དཔག་བྱས་ན་ད་ལོའི་ལོ་མཇུག་ཏུ་འཕྲུལ་འཁོར་ཚན་པ་ཐོག་མས་ཐོན་སྐྱེད་བྱེད་འགོ་འཛུགས་ཏེ་གློག་འདོན་བྱ་རྒྱུ་ཡིན་པ་རེད།
གཡས་པ་ཐང་ཆུ་གློག་ས་ཚུགས་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་གོ་འཇོ་རྫོང་འབྲེལ་མཚམས་ཀྱི་འབྲི་ཆུ་འབབ་རྒྱུད་དུ་གནས་ཤིང་།ཆ་སྙོམས་མཚོ་འཕགས་སྨི3000ཡིན་པ་དང་། སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་སྟོང་ཝ་ཁྲི224དང་ཆུ་མཛོད་ཀྱི་སྤྱིའི་ཤོང་ཚད་རྒྱ་དཔངས་སྨི་དུང་ཕྱུར10.8བཅས་ཡིན། ཆུ་རགས་ནི་ཨར་འདམ་གྱི་འཁྱོག་ཟུང་གཞུ་དབྱིབས་ཆུ་རགས་ཤིག་ཡིན་ལ་མཐོ་ཚད་སྨི217ཡིན་པས། རང་རྒྱལ་གྱིས་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་འཕགས་མཐོ་ཤོས་ཀྱི་ཨར་འདམ་གྱི་འཁྱོག་ཟུང་གཞུ་དབྱིབས་ཆུ་རགས་ཤིག་ཡིན། ཆུ་གློག་ས་ཚུགས་དེ་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གཙོ་གནད་འཛུགས་སྐྲུན་གྱི་འབྲི་ཆུ་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།2022ལོའི་ཟླ་བ8པར་ཆུ་རགས་ཀྱི་ཨར་འདམ་བླུགས་འགོ་བཙུགས་པ་དང་།2025ལོའི་ཟླ་བ9པར་ཁག་དང་པོའི་ཆུ་རགས་དུམ་བུའི་ཨར་འདམ་བླུགས་ཚར་བ་རེད།
གཡས་པ་ཐང་ཆུ་གློག་ས་ཚུགས་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ལོ་རེའི་ཆ་སྙོམས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར102ལས་བརྒལ་རྒྱུ་ཡིན་ལ་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི400ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་སོལ་འགྱུར་འབུད་ཚད་ཏུན་ཁྲི737ཙམ་ཉུང་དུ་གཏོང་ཐུབ་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)