དུས་ཚིགས་དང་པོ་ནས་གསུམ་པ་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར5937བཏང་བ་དེ་དུས་མཚུངས་ལས་བརྒྱ་ཆ5.8འཕར་བ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོ་ནས་གསུམ་པ་བར། རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་5937བཏང་བ་དེ་དུས་མཚུངས་ལས་བརྒྱ་ཆ5.8འཕར་བ་དང་། ལམ་ཐིག་གསར་པ་སྤྱི་ལེ་968སྤྱོད་འགོ་ཚུགས་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ནུས་ལྡན་ཐོན་ཏེ། ཕྱོགས་ཡོངས་ནས་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་དཔལ་འབྱོར་རྒྱུན་མཐུད་སླར་གསོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད།
ད་ལོ་ཚུན་དུ། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཐོན་ཁུངས་ཀྱི་སྟོབས་ཤུགས་སྤྱི་འདོམས་བཀོལ་སྤྱོད་བྱས་ཏེ། ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བས། ལྕགས་ལམ་གྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད་པ་རེད།།( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)