国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་རོང་བྲག་རྫོང་རྒྱས་ཁར་ཡུལ་གྲོང་སྡེ་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་སྐབས་ལྔ་པའི“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”ལ་བདམས།

བྱ་དགའ་སྤྲོད་པའི་ཡུལ་དངོས།

སྤྱི་ཟླ10པའི་ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱིས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ལ“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་བ་རེད། ཚོགས་འདུར2025ལོའི“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་རྒྱས་ཁར་ཡུལ་གྲོང་སྡེ་མིང་ཐོ་དེ་རུ་ཚུད་ཅིང་། གཟི་བརྗིད་མཚན་སྙན་ཐོབ་པ་དེ་ནི་དཀར་མཛེས་ཁུལ་གྱི་ཐོག་མ་དང་སི་ཁྲོན་ཞིང་ཆེན་གྱི་ཨང་གཉིས་པ་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་རྒྱས་ཁར་ཡུལ་གྲོང་སྡེས་སྐྱེ་ཁམས་ཐོན་ཁུངས་དང་ཡུལ་མིའི་རིག་གནས་ལ་བརྟེན་ནས་ཞིང་ལས་དང་རིག་གནས།ཡུལ་སྐོར་མཉམ་འདྲེས་རྒྱུན་འཁྱོངས་ཏེ། གྲོང་སྡེའི་ལོ་རྒྱུས་དང་གོམས་སྲོལ། ཡུལ་ལྗོངས།སྡོད་ཁང་སོགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་སྔོག་འདོན་གང་ཐུབ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་གསར་འཚོལ་ཞིབ་བྱས་ཤིང་། 2025ལོའི་ཟླ་བ་དང་པོ་ནས9པའི་བར། རྒྱས་ཁར་ཡུལ་གྲོང་སྡེ་གནས་ཡུལ་སྤྲོ་སྣང་ཡུལ་སྦྲེལ་ས་ཁུལ་གྱིས་ཡུལ་སྐོར་བ་ཁྲི33.155སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར3.64ལ་ཟིན་པས་ཁག་དབྱེ་ན་ལོ་གོང་མའི་དུས་མཉམ་ལས་བརྒྱ་ཆ2.52དང་བརྒྱ་ཆ3.41འཕར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་རྩ་འཛུགས་ཀྱིས2021ལོ་ནས་བཟུང་འཛམ་གླིང་གི“ཡུལ་སྐོར་ཡུལ་སྡེ་ཡག་ཤོས”དཔྱད་འདེམས་བྱས་ནས“འཛམ་གླིང་གི་ཡག་ཤོས”དེ་ཡུལ་སྐོར་གྲོང་སྡེའི་གཟི་བརྗིད་མཚན་སྙན་ཆེ་ཤོས་དང་སྤུས་རྟགས་གྲགས་ཤོས་སུ་གྱུར་ཡོད། དེའི་དམིགས་ཡུལ་ནི་ཡུལ་སྐོར་གྱིས་གྲོང་སྡེ་དང་འབྲེལ་ཡོད་ཡུལ་ལྗོངས།ཤེས་བྱའི་མ་ལག། སྐྱེ་ཁམས་དང་རིག་གནས་སྣ་མང་རང་བཞིན། ས་གནས་དེ་གའི་རིན་ཐང་ལྟ་བ་དང་བྱེད་སྒོ། དེ་བཞིན་ཞིམ་ཟས་བཅས་ཐད་ཀྱི་ནུས་པར་བསྐུལ་ཆེད་ཡིན་པ་རེད།།

(བདེ་སྐྱིད་ཀྱིས་བསྒྱུར།)