国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་རྒྱལ་དུ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན22གསར་དུ་བསྣན།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས20ཉིན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ནགས་ཚལ་ཅུས་ཀྱིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ཏེ། ཧྲན་ཞི་ཞིང་ཆེན་ཧྲན་དབྱིན་རྫོང་སང་ཀན་ཆུ་བོ་སོགས་འདམ་ར22རྒྱལ་ཁབ་ཀྱི་གལ་ཆེན་འདམ་རའི་མིང་གཞུང་དུ་ཚུད་པ་རེད། དེར་བརྟེན་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན80ལ་ཟིན་པ་རེད།

ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱིས་འདམ་རའི་སྲུང་སྐྱོང་ཉམས་གསོ་ལ་མུ་མཐུད་དེ་བསྐུལ་བ་དང་། འདམ་རའི་སྲུང་སྐྱོང་ཉམས་གསོ་ལས་གཞི3700ལྷག་སྒྲིག་འཛུགས་ལག་ལེན་བསྟར། འདམ་ར་སྤྱི་ཆིངས་ཁྲི100ལྷག་གསར་སྣོན་དང་ཉམས་གསོ་བྱས་ཡོད། རྒྱལ་ཡོངས་སུ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ཁྱོན་བསྡོམས82གཏན་ལ་ཕབ་ཅིང་། རྒྱལ་སྤྱིའི་འདམ་ར་གྲོང་ཁྱེར22དཔང་གཅོད་བྱེད་པ་དང་རྒྱལ་ཁབ་ཀྱི་གལ་ཆེན་འདམ་ར80དང་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན1205ངོས་འཛིན་ཐག་བཅད་པ་དང་། འདམ་རའི་རིམ་དབྱེ་དོ་དམ་མ་ལག་ཐོག་མ་བསྐྲུན་པ་རེད།

སླད་ཕྱིན་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་འདམ་ར་སྲུང་སྐྱོང་བཅའ་ཁྲིམས་མུ་མཐུད་དེ་དོན་འཁྱོལ་བྱ་རྒྱུ་དང་། འདམ་རའི་སྲུང་སྐྱོང་ཉམས་གསོ་མ་ལག་དང་བརྟག་དཔྱད་ལྟ་ཞིབ་ཚད་ལེན་མ་ལག་དང་སྲུང་སྐྱོང་ལྟ་སྐུལ་དོ་དམ་མ་ལག་འཛུགས་པར་འབད་པས་བསྐུལ་ཏེ། འདམ་རའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མུ་མཐུད་དེ་ཆེ་རུ་གཏང་རྒྱུ་རེད།།

( བདེ་ཆེན་གྱིས་བསྒྱུར།)