སྤྱི་ཟླ10པའི་ཚེས21ཉིན། ཁུལ་ཡོངས་ཀྱི2025ལོའི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་དང་ལས་གཞིར་དམ་འཛིན་དང་མ་འཇོག་ལ་བསྐུལ་བའི་ལས་དོན་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ལས་གཞིར་དམ་འཛིན་དང་མ་འཇོག་ལ་བསྐུལ་བའི་ཚོགས་འདུའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་ནས། དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ཁྱོན་ཡོངས་ནས་དབྱེ་ཞིབ་དང་།ལས་གཞིར་དམ་འཛིན་དང་མ་འཇོག་ལ་བསྐུལ་བའི་ལས་དོན་གནས་ཚུལ་བཀོད་གཏོང་བྱས་ནས་དུས་ཚིགས་བཞི་པའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཚོགས་འདུར་ཞུགས་ཤིང་གཏམ་བཤད་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བསོད་ནམས་གཡང་སྐྱིད་དང་།ཧོ་ཞའོ་ཕིང་།ཅིན་ཐེན་ཆང་བཅས་ཚོགས་འདུར་ཞུགས།།
( བདེ་སྐྱིད་ཀྱིས་བསྒྱུར།)
