国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། དངུལ་ཁང་འགོ་གཙོ་ཧྭ་ཡུན་དང་བཞུགས་མོལ་གནང་།

སྤྱི་ཟླ10པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་ཧྲུའུ་ཅི། དངུལ་ཁང་འགོ་གཙོ་ཧྭ་ཡུན་དང་བཅས་པར་བཞུགས་མོལ་གནང་བ་དང་། ཕྱོགས་གཉིས་པོས་སྲིད་གཞུང་དང་དངུལ་ཁང་མཉམ་ལས་གཏིང་ཟབ་དང་། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རོགས་རམ་བྱེད་པར་དམིགས་ནས་སྤེལ་རེས་བྱས་པ་རེད།

ཧྲེན་དབྱང་གིས་ཧྭ་ཡུན་དང་ལྷན་ཕེབས་ལ་དགའ་བསུ་ཞུས་ཤིང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ། རིག་གནས་ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས།ནུས་རྒྱུ་གཙང་མ་སོགས་ཀྱི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཧྭ་ཡུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་སི་ཁྲོན་ཡན་ལག་དངུལ་ཁང་ལ་དོ་ཁུར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་བ་དང་། ཕྱོགས་གཉིས་པོས་མུ་མཐུད་ནས་འཐུབ་ཇུས་མཉམ་ལས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)