国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་གྲོས་ཚོགས་ཐེངས75པ་འཚོགས།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས75པའི་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱིས་ལག་ལེན་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས་པ་རེད།

ཚོགས་འདུར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་བསྐུལ་བའི་འགག་རྩའི་དུས་སུ་འཚོགས་པའི་གྲོས་ཚོགས་ཤིག་ཡིན་པས། ཁྱོན་ཡོངས་ཀྱི་ལས་དོན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་། སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས) ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱས་ནས། བཀོད་སྒྲིག་ཁག་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱ་དགོས་ཞེས་བསྟན་ཡོད།

ཚོགས་འདུར་ལོ་འཁོར་གྱི་དམིགས་འབེན་ལ་དམིགས་ནས་འབད་འཐབ་འཕྲོག་རྩོད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་གྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་མཚམས་ཚིགས་ལ་དམིགས་ཏེ། གནད་ལ་འཁེལ་བའི་སྒོ་ནས་ཤུགས་རྒྱག་པ་དང་། ལས་གཞི་སྤེལ་འགོ་བརྩམ་དགོས་ཀྱང་སྤེལ་འགོ་འཛུགས་མེད་པའི་གནས་ཚུལ་འབྱུང་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ། ཤུགས་ཡོད་རྒུས་ལོ་འཁོར་གྱི་མཇུག་བསྡུ་དམག་འཐབ་ཡག་པོ་བརྒྱག་དགོས། ཚད་གཞི་མཐོན་པོའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”བཟོ་འགོད་བྱེད་པར་བསྐུལ་དགོས་པ་དང་། ལས་གཞི་གལ་ཆེན་གྱི་བསམ་ཤུགས་དང་གཉེར་ཤུགས་ཆེ་རུ་བཏང་ནས་ལས་གཞི་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་འཆར་འགོད་ནང་འཇུག་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)