国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་དུས་ཚིགས་གོང་མ་གསུམ་གྱི་དཔལ་འབྱོར་གྲུབ་འབྲས་བསྒྲགས།

སྤྱི་ཟླ10པའི་ཚེས22ཉིན། དཀར་མཛེས་ཁུལ་བསྡོམས་རྩིས་ཅུས་ཀྱིས2025ལོའི་དུས་ཚིགས་གོང་མ་གསུམ་གྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད། དན་གྲངས་ལས་མངོན་པར་གཞིགས་ན། དུས་ཚིགས་གོང་མ་གསུམ་གྱི་ནང་དུ་ཁུལ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར453.45ལ་ཟིན་ཞིང་། འགྱུར་མེད་རིན་གོང་ལྟར་བརྩིས་ན་ན་ནིང་དུས་མཚུངས་ལས་བརྒྱ་ཆ5.7འཕར་ཞིང་། དཔལ་འབྱོར་སྤྱི་ཡོངས་བརྟན་བརླིང་ཁྲོད་སྤུས་ཚད་མཐོན་པོར་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།

སྤྱིའི་ཐོག་ནས་བལྟས་ན། དུས་ཚིགས་གོང་མ་གསུམ་ལ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་ཆེ་བའི་སྤྱི་ཁོག་ཁོར་ཡུག་ཁྲོད་གནོན་ཤུགས་བཏེགས་ནས་མདུན་དུ་སྐྱོད་བཞིན་ཡོད། དུས་ཚིགས་བཞི་པར་རྒྱང་ལྟ་བྱས་ན། རང་ཁུལ་གྱིས་བརྟན་ཐོག་ཡར་འཕེལ་བརྩོན་ལེན་གྱི་ལས་ཀའི་སྤྱིའི་ནང་དོན་སྙིང་པོ་རྒྱུན་འཁྱོངས་ཏེ། རིག་གནས་ཡུལ་སྐོར་དང་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས། ནུས་རྒྱུ་གཙང་མ་བཅས་ཀྱི“དོན་ཆེན་གསུམ”ལ་དམིགས་ནས། མི་རིགས་ཆོས་ལུགས་དང་སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ཧུར་ཐག་བྱས་ཏེ། ལས་གཞིར་མ་འཇོག་དང་འཛད་སྤྱོད་སྐུལ་སྤེལ་སོགས་འགག་རྩའི་གནད་ཚིགས་འབུར་ཐོན་དམ་འཛིན་བྱས་ནས་ཤུགས་ཡོད་རྒུས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་ལ་སྒྲུབ་གང་ཐུབ་བྱས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པ”རྣམ་པར་རྒྱལ་བའི་ངང་མཇུག་བསྒྲིལ་བར་འགན་ལེན་བྱ་དགོས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)