སྤྱི་ཟླ11ཚེས10ཉིན། ཞིང་ཆེན་ཏང་ཨུའི་གྲོང་ཁྱེར་ལས་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གསར་གཏོད་དང་གནས་འཕྲོད།མཛེས་སྡུག། མཉེན་གཤིས། ཤེས་དཔལ།་རིག་ནུས་བཅས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་སི་ཁྲོན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁྱོན་ཡོངས་ནས“སྤྱི་གླིང་གྲོང་ཁྱེར་དང་བདེ་སྐྱིད་ཁྱིམ་གཞིས”སྐྲུན་པའི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་མགྱོགས་སུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་ཧྲི་ཞའོ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)
