ཕྱག་ཕྲེང་རྫོང་གི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་ནས་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་བསྐྲུན་པར་ཞིབ་འཇུག་བྱས།
སྤྱི་ཟླ11པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཨུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱག་ཕྲེང་རྫོང་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་ལ་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་། དུས་མཚམས་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད། ཧྲེན་དབྱང་གིས་ཐུན་མོང་འབྱོར་ཕྱུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་ལེན་ནན་ཏིག་བསྟར་ཞིང་དོན་ཐོག་འཁྱོལ་བར་བྱས་ཏེ་ཡིད་ཆེས་བརྟན་པོ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཕྱག་ཕྲེང་རྫོང་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བ་དང་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་བསྐྲུན་པར་གྲུབ་འབྲས་གསར་པ་འཐོབ་པར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས།
ཚོགས་འདུར་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་དེ་གོ་གནས་སྔར་ལས་གལ་ཆེ་བའི་ཐོག་བཞག་ཡོད་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏང་རྒྱུའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་སྐུལ་འདེད་ཏན་ཏིག་གཏང་རྒྱུར་དམིགས་ནས་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད།( པར་ངོས་གཉིས་པར་གཟིགས།)
