国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས76པ་འཚོགས།

སྤྱི་ཟླ11པའི་ཚེས11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་མངགས་བཅོལ་ལྟར།ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས76པ་གཙོ་སྐྱོང་བྱས་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་ཀའི་སྙན་ཞུར་ཉན་འཇོག་དང་། གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་ཁྲེང་ཏུའུ་དང་མེ་ཧྲན།དབྱི་པིན།སུའེ་ཉིང་སོགས་ས་ཁུལ་དང་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཉམ་ལས་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ།གནས་མཆོག་དཀར་མཛེས་ཀྱི་སྤུས་རྟགས་ཕྱིར་མངོན་དང་ཁེ་ལས་གྲགས་ཅན་དཀར་མཛེས་ཁུལ་དུ་ནང་འདྲེན་བྱས་པའི་གནད་ལ་འཁེལ་བའི་ཚོང་འགུགས་བྱེད་སྒོ་མུ་མཐུད་སྤེལ་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས། ལོ་འཁོར་གྱི་ལས་ཀ་མཇུག་བསྡུའི་རྩིས་བཤེར་ཡག་པོ་བྱས་ཏེ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ཕན་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང2026ལོའི་ལས་ཀའི་འཆར་འགོད་ལ་སྤུས་ཚད་མཐོན་པོས་བསྐུལ་ནས། ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒུལ་ཤུགས་སྟོབས་ལྡན་བསྣན་དགོས་ཞེས་བསྟན་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)