国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་གིས་སློབ་རའི་བཟའ་བཅའ་ཉེན་མེད་ལས་ཀ་ལེགས་པོ་བསྒྲུབས།

ཇ་མས་བྱིས་པ་ཚོར་བཅུད་ལྡན་གྱི་བག་ཐུག་སྐོལ་བཞིན་པ།

བྱིས་པ་ཚོའི་ཟས་ཐུན་རེར་སྤྱི་ཚོགས་ཀྱི་དོ་ཁུར་དང་སློབ་གསོའི་དྲོད་ཁོལ་ལྡན། ཉེ་བའི་ལོ་ཤས་རིང་། འབའ་ཐང་གིས་སློབ་རའི་ཟས་རིགས་ཉེན་མེད་དང་འཚོ་བཅུད་བདེ་ཐང་ལ་མཐོང་ཆེན་བྱས་ནས་ཚན་རིག་དང་མཐུན་པའི་ཟ་མ་སྡེབ་སྒྲིག་དང་། ཁྱིམ་ཚང་དང་སློབ་གྲྭ་མཉམ་འགུལ། བློ་རིག་ལྟ་སྐུལ་དོ་དམ་སོགས་བྱེད་ཐབས་ཏན་ཏིག་བརྒྱུད་ནས་ཉེན་མེད་ཀྱི་འགོག་སྲུང་བརྟན་པོར་བཟོས་ནས་བྱིས་པ་ཚོ་བདེ་བླག་ངང་འཚར་ལོངས་ཡོང་བར་འགན་ལེན་བྱས།

2023ལོའི་ཟླ9པ་ནས་བཟུང་ཆེད་ལས་ཟས་སྣ་སྡེབ་མཁན་གྱིས་གཟའ་འཁོར་རེར་ཚན་རིག་དང་མཐུན་པའི་ཟས་ཐོ་གཏན་འཁེལ་བྱས་པ་དང་། བློ་རིག་ལྟ་སྐུལ་དོ་དམ་གྱི་སྟེགས་བུ་བརྒྱུད་དེ་ཁྱིམ་བདག་རྣམས་ལ་ཟ་མ་བཟོ་བའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་བྱས་ནས་སློབ་རའི་བཟའ་བཏུང་གསལ་པོ་ཤེས་སུ་བཅུག།

ཁྱིམ་བདག་རྣམས་སློབ་གྲྭ་རུ་བསྐྱོད་དེ་ཟ་མའི་བྲོ་བ་དང་སྤུས་ཚད་ལ་ལྟ་སྐུལ་བྱེད་ཀྱིན་ཡོད། སློབ་གྲྭས་སློབ་གཙོའི་འགན་འཁུར་ལམ་ལུགས་གཙོ་བོར་བྱས་པའི་ཟས་རིགས་ཉེན་མེད་ཀྱི་འགོ་ཁྲིད་ལམ་སྲོལ་བཙུགས་པ་དང་། ཉིན་ལྟར་སློབ་གྲྭའི་མགོ་ཁྲིད་དང་སྲིད་འཛིན་མི་སྣ། དགེ་རྒན་འཐུས་མི་བཅས་སློབ་མ་དང་མཉམ་དུ་ཟ་མ་བཟའ་རྒྱུ་འགན་ལེན་བྱས་ཏེ་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དང་འབྲེལ་གཏུག་ལམ་སྲོལ་ཆགས་སུ་བཅུག།( འབའ་ཐང་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ནང་དོན་མཁོ་འདོན་བྱས།)