国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱག་ཕྲེང་རྫོང་གི་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་ནས་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་བསྐྲུན་པར་ཞིབ་འཇུག་བྱས།

( པར་ངོས་དང་པོར་མཐུད།)

ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་དགོས་པ་དང་། ཐུན་མོང་འབྱོར་ཕྱུག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་ངོས་འཛིན་ཟབ་མོ་བྱས་ཏེ། དམིགས་འབེན་དང་ལས་འགན་ལ་དམ་པོར་དོ་སྣང་བྱེད་པ་དང་། ལས་ཀའི་ཞན་ཆ་ལ་དམིགས་ནས། ཕྱག་ཕྲེང་རྫོང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ་དང་ཐུན་མོང་འབྱོར་ཕྱུག་གི་ཚོད་ལྟའི་རྫོང་འཛུགས་སྐྲུན་དང་ཁུལ་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་དགོས།

ཚོགས་འདུར་བསྟན་དོན། 2023ལོའི་ཟླ་བ8པར་ཁུལ་ཨུས་ཕྱག་ཕྲེང་རྫོང་དེ་ཐུན་མོང་འབྱོར་ཕྱུག་ཚོད་ལྟ་རྫོང་དུ་བརྩིས་ནས་སྔོན་དུ་ཚོད་ལྟའི་འཚོལ་ཞིབ་བྱ་རྒྱུའི་ཐག་བཅད་པ་དང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཕྱག་ཕྲེང་རྫོང་གིས་ཐུན་མོང་འབྱོར་ཕྱུག་གི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་འདྲེས་ནས་རང་ངོས་ཀྱི་ལེགས་ཆ་དང་མི་མངོན་པའི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་གཏང་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཏེ། ལམ་སྲོལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། ཐོན་ལས་མཉམ་འགུལ་ཟབ་ཏུ་གཏོང་བ། ལས་ཞུགས་རོགས་སྐྱོར་དངོས་འཛིན་བྱེད་པ། དམངས་འཚོ་འགན་སྲུང་ལ་ཤུགས་སྣོན་པ། བདེ་འཇགས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཐུན་མོང་འབྱོར་ཕྱུག་ཚོད་ལྟར་དུས་རིམ་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོབ་ཡོད།

ཚོགས་འདུར་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དེ་དུས་རབས་གསར་པའི་བདེན་དོན་ངོ་མ་དེར་རྒྱུན་འཁྱོངས་བྱས་ནས་ཐུན་མོང་འབྱོར་ཕྱུག་གི་རྨང་གཞི་ཟབ་ཏུ་བཏང་ནས་ཐུན་མོང་འབྱོར་ཕྱུག་གི་ཐབས་ལམ་འཚོལ་ཞིབ་བྱ་དགོས། གཅིག་ནི་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བར་བྱ་དགོས། གཉིས་ནི་ཐུན་མོང་འབྱོར་ཕྱུག་གི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་གཏང་དགོས། གསུམ་ནི་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་བའི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱ་དགོས།

ཁུལ་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཕྱག་ཕྲེང་རྫོང་ཏང་ཨུ་སྲིད་གཞུང་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།