སྟོན་ཁར་དཀར་མཛེས་ཁུལ་གྱི་རང་བྱུང་ཁམས་ཆེན་མོས་གསེར་མདོག་གི་གཟབ་མཆོར་སྤྲས་པ་དང་། ནགས་རྫོབ་ཏུ་ཚོན་མདངས་སྣ་ལྔ་བཀྲ་ཞིང་ས་གཞི་ཡོངས་སུ་སྟོན་ཁའི་མཛེས་ཉམས་ཀྱིས་ཕྱུག་པས་བདེ་སྐྱིད་དཔལ་དུ་འབར། གངས་རི་དང་རྩྭ་ཐང་། སྤྲིན་དཀར་དང་མཚོ་མོ། རྟ་ནོར་ལུག་སོགས་སྟོན་ལྗོངས་ཀྱི་མཛེས་སྡུག་གཅིག་ཏུ་སྤུངས་པ་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་ལས་ཀྱང་ལྷག་ཏུ་མཛེས། རང་ཁུལ་གྱི་ས་གཞི་ཆེན་པོའི་མཛེས་ལྗོངས་ལྟ་ན་སྡུག་པ་འདི་དག་གིས་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་འགྲོ་བར་ར་སྤྲོད་གང་ལེགས་བྱས་པ་དང་། ལམ་རྒྱུད་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དང་མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་མངོན་གསལ་དོད་པས་ཡུལ་སྐོར་བ་ཚོའི་ཡིད་སེམས་རབ་ཏུ་འཕྲོག།
