国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བསྟར་བའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་སེང་ཚོགས་འདུ་དར་མདོར་འཚོགས།

ཞིང་ཆེན་ཏང་ཨུས་གཅིག་གྱུར་བཀོད་སྒྲིག་བྱས་པར་ལྟར་སྤྱི་ཟླ11པའི་ཚེས13ཉིན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་སེང་ཞུ་བའི་ཚོགས་འདུ་དར་མདོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་བཅུ་པའི་འགན་འཁུར་བ་དང་། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ། རིག་གནས་དང་ཡུལ་སྐོར་ཐིང་གི་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ཁྲེན་ཀོང་ཧའོ་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཆབ་སྲིད་ཁྲིམས་ལུགས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་གྱིས་སྙན་སེང་ཞུ་བའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

སྙན་སེང་ཚོགས་འདུར། ཁྲེན་ཀོང་ཧའོ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོ་འགོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》སློབ་སྦྱོང་དང་ལག་བསྟར་བྱེད་པར་དམ་པོར་དམིགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཚུན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་གོ་གནས་གལ་ཆེན་ཁོང་དུ་ཆུད་པ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཚུན་རྒྱལ་ཁབ་ཕྱི་ནང་གི་གནས་བབ་སྐོར་གྱི་ཏང་ཀྲུང་དབྱང་གི་གཞི་རྩའི་ཞིབ་འཇུག་དང་བརྡར་གཅོད་ཁོང་དུ་ཆུད་པ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཚུན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲིད་སྟོན་བྱེད་ཕྱོགས་དང་དམིགས་ཚད་གཙོ་བོ་ཁོང་དུ་ཆུད་པ།ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་གཞི་རྩའི་བླང་བྱའི་ཕྱོགས་ལྔ་ཡག་པོ་འཛིན་རྒྱུ་ཁོང་དུ་ཆུད་པ། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལ་ཞིབ་ཚགས་དང་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་དང་གསལ་འགྲེལ་ཟབ་མོ་བྱས་པར་མ་ཟད།ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུའི་ཐད་བླང་བྱ་བཏོན་ཡོད། ཚོགས་ཞུགས་བློ་མཐུན་ཚོས་སྙན་སེང་གཙོ་དོན་དམ་པོར་དམིགས་པ་དང་ཚུགས་གནས་མཐོ་བ། ནང་དོན་ཕུན་སུམ་ཚོགས་པ། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དོན་ཟབ་གོ་སླ་ཡིན་ལ་ཞིང་ཆེན་དང་ཁུལ་གྱི་གནས་ཚུལ་དང་ཟུང་འབྲེལ་བྱེད་པའི་ལག་ལེན་ཁྲིད་སྟོན་ཡང་ཡོད་པས། བསམ་བློའི་རང་བཞིན་དང་། དམིགས་སའི་རང་བཞིན། དོན་དངོས་ཀྱི་དོན་སྙིང་ཆེན་པོ་བཅས་ལྡན་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པར་མཐོང་རྒྱ་ཆེ་རུ་གཏོང་ཞིང་གོ་རྟོགས་ཟབ་ཏུ་ཕྱིན་པ།ངོས་འཛིན་མཐོ་རུ་ཕྱིན་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་བྱས་པ་རེད།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཡོད་ལ། ཁུལ་ཚན་ཁག་ཆེན་པོ་བཞི་ཡི་ཁོངས་མི་དང་། ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན། ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཁག་གཅིག་དང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་དཀར་མཛེས་ཁུལ་ལས་རིགས་སློབ་གླིང་། ཁུལ་མི་རིགས་ལས་བྱེད་པའི་སློབ་གྲྭའི་བསམ་བློ་ཆབ་སྲིད་དགེ་རྒན་འཐུས་མི་བཅས་ཚོགས་ར་གཙོ་བོར་སྙན་སེང་ཚོགས་འདུར་ཞུགས་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)