国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱས་པའི་གྲངས་འབོར་དུས་མཉམ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

ཡུལ་སྐོར་བས་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དམ་ཅན་ཟམ་སྟེང་ནས་དྲན་རྟེན་གྱི་མཉམ་པར་ལེན་བཞིན་པ།

ཡུལ་སྐོར་བས་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་ལྟ་སྐོར་བྱེད་བཞིན་པ།

ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་བས་ཡུལ་མིའི་གནས་ཚང་དུ་ངལ་གསོ་བྱེད་བཞིན་པ།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རང་བྱུང་མཛེས་ལྗོངས་ཀྱི་ལེགས་ཆར་བརྟེན་ནས་ཐབས་མང་མཉམ་སྤྱོད་ཀྱིས་ཁྱད་ཆོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། ད་ལོའི་ཟླ་བ་དང་པོ་ནས10པའི་བར་ཁུལ་ཡོངས་སུ་ཡུལ་སྐོར་བ་ཁྲི4000ལ་སྣེ་ལེན་བྱས་པས་དུས་མཉམ་ལས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།།