国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་ཟླའི་མཛེས་སྡུག་ངོམས་པའི་སྡེ་དགེ་རྫོང་གི་ཡུལ་ལྗོངས།

སྟོན་གྱི་དུས་ཚིགས་ཤར་ཚེ། དཀར་མཛེས་ཁུལ་སྡེ་དགེ་རྫོང་གི་ས་གཞིར་གསེར་མདོག་གོས་ཀྱིས་ཡོངས་སུ་བཀླུབས་ཤིང་། གངས་རི་དང་རྩྭ་ཐང་། སྤྲིན་དཀར་དང་མཚོ་མོ་སོགས་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་ལྟར་ལྷག་ཏུ་མཛེས། མཚོ་འཕགས་སྨི5000ཡོད་པའི་ཁྲོ་ལའི་འཁྱགས་ཀླུང་སྟོན་ཁའི་ཉི་འོད་འོག་ཏུ་འོད་མདངས་རབ་ཏུ་འཚེར། རི་འདབས་གསེར་མདོག་གི་ལྕང་མ་དང་ལྗང་མདོག་གི་གསོམ་ཤིང་སོགས་ཀྱིས་ཡིད་ལྷུང་ལྷ་མཚོར་མཛེས་ཉམས་བསྩལ་ཞིང་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་སེམས་རབ་ཏུ་འཕྲོག།