( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གོ་གཉིས་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)
མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།ནས་འབྲུ་བདུན་བཟུང་ནས་དགུང་ལ་སོང་།།ཕོ་ཆུང་འབྲུག་ལ་གྲོས་ཤིག་བྱས།།གསེར་སེར་པོའི་གཉའ་ཤིང་གུང་མོ་དང་།།གསེར་གྱི་ཐོང་ལྕགས་གཉའ་ལ་བཞག།ནས་དགུང་སྔོན་གླིང་ལ་འདེབས་རྒྱུ་ཡིན།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།ནས་གནམ་ལ་འདེབས་ས་མེད་པ་ལ།།བསམ་བློ་བཞི་གསུམ་བཅུ་གཉིས་བཏང་།།དགོངས་རྩིས་ཉི་ཤུ་རྩ་ལྔ་བཀོད།།ནས་ཁྲ་ཡག་རྫ་ལ་འདེབས་ཚོད་བྱས།།ནས་འདེབས་པའི་སྟབས་ཀ་འགྲིག་རྒྱུ་རེད།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད། ནས་འབྲུ་བདུན་བཟུང་ནས་རྫ་ལ་སོང་།།བྲེ་སེར་འབྲོང་ལ་གྲོས་ཤིག་བྱས།།དཀར་པོ་དངུལ་གྱི་གཉའ་ཤིང་དང་།།དངུལ་དཀར་པོའི་ཐོང་ལྕགས་གཉའ་ལ་བཞག།ནས་ཁྲ་ཡག་རྫ་ལ་འདེབས་རྒྱུ་རེད།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།ནས་རྫ་ལ་འདེབས་ས་མེད་ཀི་ར།།ཡང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་།།བློ་རྩེ་ཉི་ཤུ་རྩ་ལྔ་བཀོད།།ནས་དཀར་ཡག་ཐང་ལ་འདེབས་རྒྱུ་ཡིན།།ནས་འདེབས་པའི་སྟབས་ཀ་འགྲིག་ནི་རེད།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།ནས་འབྲུ་བདུན་བཟུང་ནས་ཐང་ལ་སོང་།།བ་གླང་གྭ་པར་གྲོས་ཤིག་བྱས།།ཤིང་གི་གཉའ་ཤིང་གུང་མོ་དང་།།ལྕགས་ཀྱི་ཐོང་གཤོལ་གཉའ་ལ་བཞག།ནས་འབྲུ་དྲུག་ས་ལ་འདེབས་རྒྱུ་ཡིན།།མི་མགོ་ནག་ཁ་བསོད་ཆེ་རྒྱུ་རེད།།བ་གླང་གྭ་པར་གྲོས་ཤིག་བྱས།།ཤིང་གི་གཉའ་ཤིང་སྐེ་ལ་བཞག།ལྕགས་ཀྱི་ཐོང་གཤོལ་ས་ལ་བཙུགས།།ཐང་ཡར་རྨོ་མར་རྨོ་ཐེངས་གསུམ་རྨོས།།ཐང་ཡར་ལ་རྨོས་རུང་འཇོལ་ལོ་ལོ།།ཐང་མར་ལ་རྨོས་རུང་འཇོལ་ལོ་ལོ།།ནས་འདེབས་པའི་སྟབས་ཀ་འགྲིག་སོང་ཐལ།།མི་མགོ་ནག་ཁ་བསོད་ཆེ་ནི་རེད།།རྐང་བཞི་ཕྱུགས་ཀྱི་ལུད་རྫས་བསྡེབས།།ས་ནག་རླན་ལ་ལོ་གཅིག་བསྙལ།།ཤིང་ཐོ་བ་ཆེན་པོ་ཡུ་རིང་གིས།།བརྡུངས་ནས་ཐལ་བར་བཏང་པ་དེ།།ས་གཤིན་པོའི་སྟེང་ལ་ས་བོན་བཏབ།།ནས་སྙེ་མ་འབྲས་བུ་རྒྱས་པར་གྱུར།།འཇིག་རྟེན་ས་གཞིའི་ཞིང་ཁམས་འདི།།སས་ཆུར་རྟེན་ཆུ་ཡིས་རླན་རྟེན་ཞིང་།།རླུང་མེ་བུས་མེ་ཡིས་དྲོད་བསྐྱེད་དེ།།
