国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདབ་པའི་ཉི་སྟེན་གྱི་མཛེས་ལྗོངས།

འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་འབྲོག་རོང་ལྷས་ཀྱི་ཡུལ་ལྗོངས།

བྱང་སྤྱན་རས་གཟིགས་ཀྱི་གནས་རི་འདབས་ཀྱི་སྒྲོལ་མ་ལྷ་མཚོའི་མཛེས་ཉམས།

འདབ་པའི་ཉི་སྟེན་གྱི་མཛེས་ལྗོངས།

འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་སྟོན་ལྗོངས།

གངས་རི་འདབས་ཀྱི་ཉི་སྟེན་གྲོང་སྡེ།

མིག་སྔར་དཀར་མཛེས་ཁུལ་འདབ་པའི་ཉི་སྟེན་ལྗོངས་ཁུལ་དུ་ལྟ་སྐོར་བསྐྱོད་རྒྱུའི་དུས་ཚོད་ཡག་ཤོས་སུ་སླེབས་ཡོད། འདབ་པའི་ཉི་སྟེན་ལྗོངས་ཁུལ་ནི་བྱང་སྤྱན་རས་གཟིགས་ཀྱི་གནས་རི་དང་ལྷོ་འཇམ་དཔལ་དབྱངས་ཀྱི་གནས་རི།ཤར་ཕྱག་ན་རྡོ་རྗེའི་གནས་རི་བཅས་རིགས་གསུམ་མགོན་པོའི་གནས་རི་དང་མཐའ་འཁོར་གྱི་ཆུ་བོ། མཚོ་མཚེའུ། གངས་རི་སོགས་ལས་གྲུབ་པ་དང་། དེའི་ནང་ཐུན་མོང་མ་ཡིན་པའི་གདོད་མའི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་མཛེས་ལྗོངས་སོགས་ཀྱི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཡོད།

འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཉི་སྟེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ཞིང་། 2003ལོའི་ཟླ་བ7པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉི་སྟེན་འཛམ་གླིང་སྐྱེ་དངོས་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།།