ད་ལོ་ནས་བཟུང་། རང་ཁུལ་གྱིས་འཆར་འགོད་བཀོད་སྒྲིག་དང་མཛུབ་ཁྲིད་མཐུན་སྦྱོར། ཁྲིམས་སྐྱོང་གིས་ཞབས་འདེགས་ཞུ་བ་བཅས་བྱས་ནས། སྡེ་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཡོང་བར་སྐུལ་འདེད་བཏང་།
དར་མདོ་དང་ལྕགས་ཟམ་ཁ། རྟའུ། འབའ་ཐང་བཅས་རྫོང(གྲོང་ཁྱེར)བཞིར་ཚོད་ལྟའི་སྡེ་ཁུལ་གཅིག་རེ་བདམས་ནས་བརྟག་ཞིབ་བྱས་ཏེ། སྡེ་ཁུལ་གཅིག་ལ་ཐབས་ཇུས་གཅིག་ལག་བསྟར་ཇུས་གཞི་བཟོ་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ཁྲིད་སྟོན་དང་། བཀོལ་སྤྱོད་ཕྱོགས་སྟོན་སོགས་མཛུབ་ཁྲིད་ལག་དེབ་རིགས་བཞི་གནད་ལ་འཁེལ་བའི་སྒོ་ནས་བཟོས་པ་དང་། ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་དང་བཅའ་ཁྲིམས་ཞབས་ཞུའི་ཁྱབ་ཁོངས་བཅས་ཚད་ལྡན་དུ་བཏང་ནས་ཨར་ལས་རི་མོ་གསལ་པོར་བྲིས།
དེ་དང་ཆབས་ཅིག། ཁྲིམས་ལྟར་རྫོང་སྐྱོང་གཞུང་དོན་ཁང་དང་། སྡེ་ཁག། ཁྲོམ་ལམ། སྡེ་ཁུལ། ལས་རིགས་ཨུ་ལྷན་བཅས་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ནས། སྒྲིག་བཀོད་རིམ་སྤོར་དང་འགལ་བ་སེལ་ཐབས་སོགས་དམངས་འཚོ་ལ་དོ་ཁུར་བྱ་རྒྱུ་ཡིན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
