国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསེར་རྟ་རྫོང་གིས་ཁྲིམས་སྐྱོང་སློབ་གྲྭར་བསྐྱོད་པའི་སྐོར་སྐྱོད་བྱེད་སྒོ་སྤེལ།

ལོ་ན་མ་སོན་པའི་མིའི་བདེ་ཐང་འཚར་ལོངས་ལ་འགན་ལེན་དང་། ལོ་ན་མ་སོན་པའི་མིའི་ལུས་སེམས་བདེ་ཐང་སྲུང་སྐྱོང་། སློབ་གྲྭའི་ཉེན་མེད་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏང་ཆེད། ཉེ་ཆར་གསེར་རྟ་རྫོང་ཁྲིམས་འཛིན་ཅུས་ཀྱིས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་གྲྭར་བསྐྱོད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་སྐོར་སྐྱོད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྫོང་ཡོངས་ཀྱི་དགེ་སློབ་སྟོང་ཕྲག་ཁ་ཤས་ལ་བརྗོད་གཞི་གསལ་པོ་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཁྲིམས་སྐྱོང་སློབ་ཁྲིད་བྱས།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཆེད་ལས་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ"དུང་དཀར་པོ"སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་ཞབས་ཞུའི་རུ་ཁག་དང་ཆེད་ལས་ཁྲིམས་རྩོད་པ་ལས་གྲུབ་པའི་ཁྲིམས་ལུགས་ཁྱབ་གདལ་དཔུང་ཁག་བཙུགས་པ་དང་རྫོང་གི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་བསྐྱོད་དེ་སྐོར་སྐྱོད་གཏམ་བཤད་སྤེལ་ཡོད། སྐོར་སྐྱོད་འཆད་ཁྲིད་དེ་ཕྱོགས་གཅིག་གི་ནང་འདྲེན་བྱེད་སྟངས་ལ་བསྒྱུར་ནས་སློབ་རའི་བརྙས་བཅོས་དང་དྲ་བར་དབྱིངས་ཞུགས་པ་སོགས་སྤྱི་ཚོགས་ཀྱི་ཚ་གནད་གནད་དོན་ལ་དོ་ཁུར་བྱས་ཏེ། གྱོད་དཔེ་དབྱེ་ཞིབ་དང་ལན་འདེབས་འགྲན་བསྡུར་སོགས་མཉམ་འགུལ་གྱི་རྣམ་པ་བརྒྱུད་དེ། སློབ་མ་རྣམས་ལ་ལྷོད་གཡེང་གི་ཁོར་ཡུག་ཁྲོད་བཅའ་ཁྲིམས་ཤེས་བྱ་ཤེས་རྟོགས་ཐུབ་པ་དང་། རང་ཉིད་སྲུང་སྐྱོང་ནུས་པ་ཆེ་རུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐོར་སྐྱོད་བྱེད་སྒོ་དེ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག5ལ་ཁྱབ་ནས་རིམ་རྩིས་ཐོག་དགེ་སློབ7500ལྷག་ལ་ཕན་ཐོགས་པར་མ་ཟད། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་དང་དངོས་རྫས7500ལྷག་བཀྲམ་ཡོད། མ་འོངས་པར་གསེར་རྟ་རྫོང་གིས་ལོ་ན་མ་སོན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོའི་ལས་དོན་མུ་མཐུད་གཏིང་ཟབ་གཏང་རྒྱུ་དང་། ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་གསར་གཏོད། དྲིལ་བསྒྲགས་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་ཁྲིམས་སྐྱོང་སློབ་གསོ་དེ་སློབ་གྲྭ་དང་སློབ་ཚན་ནང་ཞུགས་པ། སེམས་སུ་ཞུགས་པར་སྐུལ་འདེད་བཏང་སྟེ། “ཁྲིམས་སྦྱོང་དང་ཁྲིམས་ཤེས། ཁྲིམས་སྲུང་། ཁྲིམས་སྤྱོད"པའི་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལོ་ན་མ་སོན་པའི་མིའི་སེམས་སུ་རྩ་བ་ཚུགས་སུ་འཇུག་རྒྱུ་རེད།།

( ཀུན་དགས་བསྒྱུར།)