国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྟོན་དུས་ཀྱི་དཀར་མཛེས། མཛེས་སྡུག་གི་ཞིང་ཁམས།

དཀར་མཛེས་ཁུལ་གྱིས་སྟོན་ལྗོངས་ལ་བལྟ་བའི་ཡུལ་སྐོར་ལམ་ཐིག་བཅུ་འོས་སྦྱོར་བྱས།

འདབ་པའི་ཉི་སྟེན་གྱི་སྟོན་ལྗོངས།

སྟོན་དུས་ཀྱི་གདོང་གྲོང་སྡེའི་སྔོ་ལྗང་གི་མཚེའུ།

སྟོན་དུས་ཀྱི་གསེག་རི་སྤྱི་གླིང་།

དགྱེས་ཡུམ་ལྷ་མཚོ་སྟོན་དུས་ཀྱི་མཛེས་ལྗོངས།

དཀར་མཛེས་རྫོང་ཉག་ཆུ་འདམ་ར་གླིང་ག།

གངས་དཀར་རི་བོའི་འོས་སྦྱོར་ལམ་ཐིག།

ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《གསར་འགྱུར་མཉམ་སྒྲོག》གི་དཀར་མཛེས་ལེ་ཚན་ལས། སྟོན་ལྗོངས་མཛེས་སྡུག་གི་ཁྱད་ཆོས་ལ་བལྟ་བའི་བྱེད་སྒོའི་ཡུལ་སྐོར་ཁྲོམ་ར་མུ་མཐུད་དེ་ཚ་རླབས་འཕྱུར་བའི་གནས་ཚུལ་ལ་སྐུལ་ཁྲིད་བྱས་ཏེ། སི་ཁྲོན་ནུབ་རྒྱུད་སྟོན་ལྗོངས་ཀྱིས་རྒྱལ་ཡོངས་སུ་སླར་ཡང་ཧང་སངས་སུ་བཅུག་པ་རེད། འདབ་པའི་ཉི་སྟེན་ལ་གངས་རི་དང་རྩྭ་ཐང་།ནགས་ཚལ།གྲོག་རོང་།ཆུ་བོ་དང་མཚེའུ་སོགས་རང་བྱུང་སྐྱེ་ཁམས་ཀྱི་བཀོད་པ་མཛེས་ཤིང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། ཡུལ་སྐོར་བ་མང་པོས་ཡིད་སྨོན་བྱ་ཡུལ་གྱི་གནས་མཆོག་ཅིག་ཡིན་པས། སི་ཁྲོན་ནུབ་རྒྱུད་ཀྱིས་སྟོན་ལྗོངས་ལ་བལྟ་བའི་ལམ་ཐིག10འོས་སྦྱོར་བྱས།

ཁྲེང་ཏུའུ་ནས་དར་མདོ། དགེ་བཤེས་རྩྭ་ཐང་། ཡིད་ལྷུང་གཤིས་གྲོང་སྡེ། མུ་ཟི་གྲམ་ཁ། ཚི་སྨན་ཧ་ཉག། གླིང་ག་མཚོ།ར་རྔ་ཁ། དར་མདོ། ཁྲེང་ཏུའུ་བཅས་བར་ཡིན་པ་རེད།

གདོང་སྦས་ཡུལ་གྱི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་ནས་ལྕགས་ཟམ་ཁ། དུང་དཀར་ལུང་པ། རོང་བྲག། སོག་ཕོ་གནའ་མཁར། བརྒྱ་རྒྱུད་བོད་གྲོང་།རྒྱས་ཁར་ཡུལ་གྲོང་སྡེ།( འཛམ་གླིང་གི་ཡུལ་སྐོར་གྲོང་སྡེ་ཡག་ཤོས། )གདོང་། གདོང་གྲོང་སྡེ། དགྱེས་ཡུམ་ལྷ་མཚོ། ཁྲེང་ཏུའུ་བཅས་བར་ཡིན་པ་རེད།

གླང་རྒྱབ་སྒང་གི་འོས་སྦྱོར་ལམ་ཐིག།

གླང་རྒྱབ་སྒང་ནས་རོང་བྲག། སོག་ཕོ་གནའ་མཁར། བརྒྱ་རྒྱུད་བོད་གྲོང་། རྒྱས་ཁར་ཡུལ་གྲོང་སྡེ།( འཛམ་གླིང་གི་ཡུལ་སྐོར་གྲོང་སྡེ་ཡག་ཤོས།)སྐུ་ནུབ་གྲོང་སྡེ། བ་ལངས་གསུམ་མདོ་གྲོང་སྡེ། ར་རྔ་ཁ། རྒྱ་གར་མཚོ་བཅས་བར་ཡིན་པ་རེད།

དགེ་བསྙེན་གྱི་འོས་སྦྱོར་ལམ་ཐིག།

ལི་ཐང་ནས་བྲག་དཀར་ལ་ཉག་ག། དགེ་བསྙེན། རྟ་ལྤགས་ཐང་། ཚེར་མ་ཐང་། དབྲ་མཐིལ་ལུང་པ། འབའ་ཐང་བཅས་བར་ཡིན་པ་རེད།

རོང་བྲག་རྒྱལ་ལམ་སྦས་ཡུལ་གྱི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་ནས་རོང་བྲག། སོག་ཕོ་གནའ་མཁར། རྒྱས་ཁར་ཡུལ་གྲོང་སྡེ།(འཛམ་གླིང་གི་ཡུལ་སྐོར་གྲོང་སྡེ་ཡག་ཤོས།) བརྒྱ་རྒྱུད་བོད་གྲོང་། གདོང་གངས་རི། དགྱེས་ཡུམ་ལྷ་མཚོ། གཡུ་ཁོག་རྩྭ་ཐང་། རྟའུ་ཡུལ་མི་སྡོད་ཁང་། ལུང་བསྟན་འབྲོག་ར། གསེག་རི་གླིང་ག། བཞག་བྲ། མགར་ལུང་ཡུལ་ལྗོངས། ཁྲེང་ཏུའུ་བཅས་བར་ཡིན་པ་རེད།

རྒྱལ་ལམ318པའི་ལྷོ་ཐིག་གི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་ནས་ལྕགས་ཟམ་ཁ། དར་མདོ། ཉག་ཆུ་ཁ། ལི་ཐང་། འདབ་པའི་ཉི་སྟེན། འབའ་ཐང་བཅས་བར་ཡིན་པ་རེད།

རྒྱལ་ལམ317པའི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་ནས་རོང་བྲག། སོག་ཕོ་གནའ་མཁར། བརྒྱ་རྒྱུད་བོད་གྲོང་། བཞག་བྲ། རྟའུ་ཡུལ་མི་སྡོད་ཁང་། དགྱེས་ཡུམ་ལྷ་མཚོ། གཡུ་ཁོག་རྩྭ་ཐང་། ལུང་བསྟན་རྩྭ་ཐང་། བྲག་མགོ། མཁར་གསར་མཚོ། ཧོར་བྲག་མགོ་འདམ་ར་གླིང་ག། དཀར་མཛེས་རྫོང་། མཚལ་རི་གྲོང་རྡལ་ཆུང་ངུ། གེ་སར་མཁར་རྫོང་། སྡེ་དགེ། ཡིད་ལྷུང་ལྷ་མཚོ། སྡེ་དགེ་པར་ཁང་།

ཁམས་བོད་སྦས་ཡུལ་ཁྲོ་ལའི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་ནས་དར་མདོ། གསེག་རི་གླིང་ག། ནམ་མཁའ་རྒྱན་ཐང་གའི་དངོས་མང་བཤམས་སྟོན་ཁང་། (བྲག་མགོ་རྫོང་།)གེ་སར་མཁར་རྫོང་། བསང་གི་མ་ཎི་རྡོ་འབུམ། ཡིད་ལྷུང་ལྷ་མཚོ། ཇོ་རུ་འབྲོག་ར། ཁམས་པའི་རིག་མཛོད་ཁང་། སྡེ་དགེ་པར་ཁང་། ཡུལ་བཙན་གཤིས། མི་ཉག་གནས་མཆོག་བཅས་བར་ཡིན་པ་རེད།

སེམས་ཀྱི་ཉི་ཟླའི་འོས་སྦྱོར་ལམ་ཐིག།

འདབ་པ་དང་ཕྱག་ཕྲེང་། སྡེ་རོང་། སེམས་ཀྱི་ཉི་ཟླ།

ཁྲོན་ནུབ་ཀྱི་འོས་སྦྱོར་ལམ་ཐིག།

ཁྲེང་ཏུའུ་དང་རྒྱ་ཟངས་མཚོ། གསེག་རི་གླིང་ག། ཡུལ་བཙན་གཤིས། ར་རྔ་ཁ། མཁའ་ལམ་ཁུགས་པ་བཅོ་བརྒྱད། ལི་ཐང་། སེམས་ཀྱི་ཉི་ཟླ་གྲོང་རྡལ། འདབ་པ། མུ་ཏིག་མཚོ།འབྲོག་རོང་ལྷས། འོ་མ་མཚོ། ཉག་ཆུ་ཁ། ལྷ་སྒང་རྩྭ་ཐང་། རོང་བྲག། སྐུ་བླ་རི་བོ། ཁྲེང་ཏུའུ་བཅས་བར་ཡིན་པ་རེད།། (བདེ་ཆེན་གྱིས་བསྒྱུར།)