ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།
(2025ལོའི་ཟླ་བ11པའི་ཚེས27ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པར་གྲོས་འཆམ་བྱུང་།)
ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ2025ལོའི་ཟླ་བ11པའི་ཚེས27ཉིན་ཁྲེང་ཏུའུ་ལ་འཚོགས།
ཚང་འཛོམས་གྲོས་ཚོགས་སུ་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན70དང་། ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན16ཞུགས་ཡོད། སི་ཁྲོན་ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ། སི་ཁྲོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་གཞི་རིམ་བློ་མཐུན་དང་། ཆེད་མཁས་ཤེས་ཡོན་པ། འབྲེལ་ཡོད་ཕྱོགས་ཀྱི་སྐུ་ཚབ་ཁ་ཤས་ཚོགས་འདུར་ཟུར་ཞུགས་བྱས་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད།
( པར་ངོས་གཉིས་པར་གཟིགས།)
