国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ སྤྱི་ཟླ11པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡི་མངགས་བཅོལ་ལྟར།ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས77པ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་རྩོམ་ཡིག་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་ལག་ལེན་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།།

■ སྤྱི་ཟླ11པའི་ཚེས27ཉིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི་ཀྲང་ཐུང་རུང་གིས་ཁུལ་སྲིད་གྲོས་ཏང་ཚན་ཁག་དང་ལས་ཁུངས་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2025ལོའི་ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས10པ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་དམིགས་ནས་སློབ་སྦྱོང་དང་སྤེལ་རེས་བྱས་པ་རེད།།

■ སྤྱི་ཟླ11པའི་ཚེས27ཉིན། ཁུལ་སྲིད་གྲོས་ཀྱིས་སྐབས་བཅུ་བཞི་པའི་ཏང་ཚན་ཁག་གི་ཚོགས་འདུ་ཐེངས29པ་དང་། ཀྲུའུ་ཞིའི་ཚོགས་འདུ་ཐེངས30པ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་སྙིང་དོན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་སྐོར་གྱི་ཞིང་ཆེན་དང་ཁུལ་ཨུའི་སློབ་སྦྱོང་སློབ་གསོའི་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་། ལས་ཀའི་གནས་ཚུལ་སྙན་ཞུར་ཉན་འཇོག་དང་། འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་དང་ཞིབ་འཇུག། ཕྱིན་ཆད་གཙོ་གནད་ལས་ཀར་བཀོད་སྒྲིག་བཅས་བྱས་པ་རེད།།