(ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་གོ་གསུམ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)
ཞིང་པ་མང་ཚོགས་ཀྱི་ངག་ཏུ་རྒྱུ་བའི་ཞིང་ལས་སྐོར་གྱི་གཞས་ཚིག་དང་། ཁ་ཤགས། གཏམ་དཔེ་ལ་སོགས་པ་དེ་དག་ལ་རང་ས་རང་ཡུལ་གྱི་གནས་ཚུལ་དང་མཐུན་པའི་ས་གནས་ཀྱི་ཁྱད་ཆོས་དང་། ཚིག་སྦྱོར་སྙན་ཞིང་རྗོད་བདེ་བ་དང་དོན་མདོར་བསྡུས་ཤིང་ཡིད་དུ་གཟུང་བདེ་བ་སྤྱི་སྡོམ་གྱི་ཁྱད་ཆོས། ལོ་ཏོག་གི་རང་བཞིན་མཚོན་ཞིང་ས་གནས་ཕལ་མོ་ཆེར་འཕྲད་པ་ཡོངས་ཁྱབ་ཀྱི་ཁྱད་ཆོས། དུས་ཡུལ་གྱི་གནས་ལུགས་དང་མཐུན་ཞིང་རིག་པའི་གཞུང་དང་ར་འཕྲོད་ལ་ཡུན་རིང་པོའི་ཉམས་ལེན་གྱིས་བདེན་དཔང་བྱེད་པ་ཚན་རིག་གི་ཁྱད་ཆོས། ཐུན་མོང་གི་བསམ་བློ་དང་དུངས་སེམས་ཀྱིས་ཕྱུག་པ་དང་། འཚོ་བ་དང་ཁ་ཐག་ཉེ་བ། གོ་བདེ་བ། ཉན་སྤྲོ་པ། ཡིད་འགུགས་པ་བཅས་མང་ཚོགས་ཀྱི་ཁྱད་ཆོས་སོགས་ཁྱད་ཆོས་མང་པོ་ལྡན་པས་ཞིང་པ་ལ་རིགས་པའི་གཞུང་ལུགས་ལས་ཀྱང་དོན་ཉམས་ཚགས་ཆེ་བའི་རྒྱུ་ནོར་རིན་ཐང་བྲལ་བ་ཞིག་ཏུ་ཆགས་ཡོད་དོ།།
