དགུན་སྟོད་སླེབས་དུས། རོང་བྲག་རྫོང་ལོ་གཅིག་ནང་གི་ཆེས་མཛེས་པའི་དུས་སུ་སླེབས་ཡོད། རོང་བྲག་རྫོང་གི་ས་གཞིར་གསེར་མདོག་གོས་ཀྱིས་ཡོངས་སུ་བཀླུབས་ཤིང་། གངས་རི་དང་ནགས་ཚལ། བོད་གྲོང་སོགས་འཆམ་མཐུན་མཉམ་གནས་ཀྱི་ལངས་གཟུགས་སྐྱེ་ཁམས་རི་མོ་ཞིག་མཚོན་པ་དང་། རྒྱལ་རོང་བོད་རིགས་ཀྱི་ཁྱད་ཆོས་ཀྱི་འཛུགས་སྐྲུན་དང་བརྗིད་ཉམས་ལྡན་པའི་གྲོག་རོང་སོགས་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་ལྟར་ལྷག་ཏུ་མཛེས་ཞིང་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་སེམས་རབ་ཏུ་འཕྲོག།
རོང་བྲག་རྫོང་གི་མཁར་རྫོང་དང་བོད་གྲོང་གི་སྐད་གྲགས་ཡུལ་གྲུ་ཀུན་ལ་ཁྱབ་ཡོད་པ་དང་། བརྒྱ་རྒྱུད་དང་སྤྲོ་སྣང་། སོག་པོ་སོགས་གྲོང་སྡེར་ད་ལྟའི་བར་དུ་ལོ་ངོ་སྟོང་གི་རྒྱལ་རོང་རིག་གནས་ཕུན་སུམ་ཚོགས་པས་ཕྱུག་ཡོད། ཉེ་ཆར་རོང་བྲག་གི་ཡུལ་སྡེ་ཁག་ཏུ་ཡུལ་སྐོར་ཡོང་མཁན་ཇེ་མང་དུ་སོང་བས། ཡུལ་སྐོར་བ་མི་ཉུང་བ་ཞིག་རིར་འཛེག་པ་དང་གནའ་མཁར་གནའ་གྲོང་འཚོལ་འདྲི་བྱེད་ཅིང་། རྒྱལ་རོང་དམངས་སྲོལ་མྱོང་རོལ་སོགས་བྱ་རྒྱུ་དགའ་བ་རེད། ས་གནས་དེ་གར་གྲོག་རོང་གི་བརྗིད་ཉམས་ཡོད་ལ། སྡེ་བའི་ཡུལ་ལྗོངས་མཛེས་པོ་ཡང་འདུག་ཅེས་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ལི་ཡིས་དེ་ལྟར་བཤད་པ་རེད།
ཉེ་བའི་ལོ་ཤས་རིང་རོང་བྲག་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་གསོན་འགྱུར་ཟུང་དུ་སྦྲེལ་བ་དང་བསྟུན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་ལག་ལེན་བསྟར་ཏེ། གནའ་མཁར་དང་གནའ་གྲོང་འཛུགས་སྐྲུན་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག། ཡུལ་སྐོར་གསར་སྤེལ་ལ་བརྟེན་ནས་ཡུལ་མིའི་ཡོང་འབབ་སྤར་ནས་ཕྱུག་འགྱུར་ཡོང་བར་རོགས་རམ་བྱེད་ཀྱིན་ཡོད།།
( བདེ་ཆེན་གྱིས་བསྒྱུར།)
