国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙན་ངག་གི་ ཕ་འབབ།

ང་ལ་སྙན་ངག་ཡོད་པས།

མིག་ཆུ་བཏང་སྟེ།

ངུ་ཤུམ་བྱེད་མ་དགོས་པ་ཙམ་བྱུང་།

ང་ལ་སྙན་ངག་ཡོད་པས།

རྒྱ་སྲང་ནས་ཉལ་ཏེ།

ར་བཟི་བྱེད་མ་དགོས་པ་ཙམ་བྱུང་།

ང་ལ་སྙན་ངག་ཡོད་པས།

ཐ་མག་འཐེན་ཏེ།

ཉིན་མཚན་འདའ་མ་དགོས་པ་ཙམ་བྱུང་།

ང་ལ་སྙན་ངག་ཡོད་པས།

ཚེ་སྲོག་གི་མར་མེ།

གཟིམ་མ་དགོས་པ་ཙམ་བྱུང་།

༼ གཞི་ཚང་ཟླ་བ་གྲགས་པ། ༽