སྤྱི་ཟླ12པའི་ཚེས1ཉིན་ལ་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཧུའུ་ཡའོ་པང་འཁྲུངས་ནས་ལོ110འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་བ་དང་འབྱོར་མེད་གྲལ་རིམ་གསར་བརྗེ་པ་མི་རབས་རྒན་རབས་ཀྱི་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་ཡག་པོ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པ་དང་། རང་རྟོགས་ངང“འདུ་ཤེས”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱས་ནས་འབད་བརྩོན་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་སྒྲིལ་བྱ་དགོས།
ཚོགས་འདུར་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་སྤྱི་འདོམས་བྱས་ནས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་སྙིང་དོན་དང་ཟུང་དུ་སྦྲེལ་ཏེ་ཁྲིམས་ལྟར་ཁུལ་སྐྱོང་བར་སྐུལ་བ་དང་། ཏང་ཨུས་ཁྲིམས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་གནད་སྨིན་སྤེལ་བ། ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་བྱེད་སྟངས་ལ་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་ཅིང་། ཁྲིམས་སྐྱོང་དཀར་མཛེས་ཁུལ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་པར་གཞི་གཅིག་ཏུ་སྐུལ་ཅིང་། ཁྲིམས་ལས་འདའ་བའི་ས་ཆ་དང་། ཁྲིམས་ལས་འདའ་བའི་མི། ཁྲིམས་ལས་འདའ་བའི་དོན་དག་བཅས་གཏན་ནས་མི་ཐོན་པ་བྱ་དགོས།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྐབས་སུ་དྲ་བའི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་བསྣན་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་བྱས།
ཚོགས་འདུར་ད་དུང་སྤྱི་ཟླ10པའི་ཚེས28ཉིན་ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གྲོས་ཚོགས་དང་ཞིང་ཆེན་གྱི་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གྱི2025ལོའི་ཚོགས་འདུ་ཐེངས་བཞི་པའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
