国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས (རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ།

ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་བྱས།

སྤྱི་ཟླ12པའི་ཚེས1ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱས་འཛོམས)གྲོས་ཚོགས་འཚོགས་ཏེ། ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་ཆེད་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གནང་བ་རེད།

ཚོགས་འདུར་བསྟན་དོན། ཞིང་ཆེན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ནི་རང་རེའི་ཞིང་ཆེན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པའི་ངང་ལེགས་པར་འགྲུབ་གྲབས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རེད། ཚང་འཛོམས་གྲོས་ཚོགས་སུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་འགོ》ནི་ཞིང་ཆེན་ཡོངས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ(ཏང་ཚན་ཁག)གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ལ་འཕྲད་པའི་འཕེལ་རྒྱས་ཁོར་ཡུག་དང་། གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ཡང་དག་ཁོང་དུ་ཆུད་པ་དང་། བརྒྱུད་སྦྱངས་སྒྲོག་འགྲེལ་དང་། སློབ་གསོ་གསོ་སྦྱོང་བཅས་ལ་གཅིག་གྱུར་གྱིས་དམ་འཛིན་བྱ་དགོས་པར་མ་ཟད། རང་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རང་ཁུལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཡག་པོ་བཟོ་དགོས་པ་རེད།

ཚོགས་འདུར་ཞིང་ཆེན་ཏང་ཨུའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་བཀོད་སྒྲིག་ལྟར། སི་ཁྲོན་འཕེལ་རྒྱས་ཀྱི་ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག། ལམ་རིས་བཅས་ཁ་གསལ་བཟོས་ནས་དེའི་ནང་སྤྱི་ཡོངས་ཀྱི་བླང་བྱ་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ་བཅས་ཀྱི་ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད་ཡོད་ལ། ལས་འགན་ཞིབ་ཕྲ་དང་ལས་གཞི་གནད་ཆེ། འགག་རྩའི་བྱ་ཐབས་བཅས་ཀྱི་བཀོད་སྒྲིག་ཞིབ་ཕྲ་ཡང་ཡོད་པས། མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་དོན་ལ་འཁྱོལ་བར་བརྩི་སྲུང་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་འཐབ་ཇུས་འདོད་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། རང་ཁུལ་གྱི་ཐོན་ཁུངས་སྐྱེས་སྟོབས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་དགེ་མཚན་ལ་གཞི་བཙུགས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་དགོས། “དོན་ཆེན་གསུམ”ལེགས་པར་བསྒྲུབ་རྒྱུ་དང་། ཐོན་སྐྱེད་ནུས་ཤུགས་སྤུས་ཚད་གསར་པ་འཕེལ་རྒྱས། ས་ཁོངས་མཐུན་སྦྱོར་དང་གྲོང་ཡུལ་མཉམ་བསྐུལ། བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་གཏོང་བ། རིག་གནས་ཀྱིས་ཁུལ་སྟོབས་ལྡན་དུ་གཏང་རྒྱུ། དམངས་འཚོ་རྒྱུན་མཐུད་ལེགས་སུ་གཏང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་བརྒྱག་རྒྱུ། ཁྲིམས་ལྟར་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། འཆར་འགོད་བཟོ་འགོད་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བ་དང་འབྲེལ་ལས་དོན་ཁག་དོན་ལ་འཁྱོལ་བར་བསྐུལ་དགོས་ཞེས་ནན་བཤད་བྱས་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)