国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོའི་དར་མདོ་གྲོང་ཁྱེར་གྱི་རྐང་འཁོར་དང་ རྐང་ཐང་འགྲན་སྡུར་མཇུག་བསྒྲིལ།

ཉེ་ཆར། 2025ལོའི་དར་མདོ་གྲོང་ཁྱེར་གྱི་རྐང་འཁོར་དང་རྐང་ཐང་འགྲན་སྡུར་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་དུ་མཇུག་བསྒྲིལ་བ་རེད། ད་ཐེངས་ཀྱི་འགྲན་སྡུར་ནི་མྱུར་ཚད་དང་སྙིང་སྟོབས་ཀྱི་འགྲན་སྡུར་ཞིག་ཡིན་པར་མ་ཟད། དམངས་ཡོངས་ཀྱིས་ལུས་པོ་སྦྱོང་བརྡར་ནང་ཞུགས་པའི་འདུ་ཚོགས་ཆེན་པོ་ཞིག་ཀྱང་ཡིན་པ་རེད།

ཁྲེང་ཏུའུ་ནས་ཡོང་བའི་རྐང་འཁོར་འགྲན་ཞུགས་འོས་མི་ཞིག་གིས་སེམས་འགུལ་ཆེན་པོས་ར་རྔ་ཁར་བསྐྱོད་ཐེངས་རེར་མིག་ལམ་དུ་མངོན་པའི་མཛེས་སྡུག་གི་ཡུལ་ལྗོངས་ལ་བལྟས་པ་ན་འགྲན་སྡུར་གྱི་ངལ་དུབ་རྩ་བ་ནས་བརྗེད་སོང་། དེ་ནི་ང་རང་ཞུགས་མྱོང་བའི་ཆེས་མཛེས་པའི་འགྲན་ལམ་ཞིག་ཡིན་ཅེས་བཤད་པ་རེད།

འགྲན་ལམ་ཇུས་འགོད་ནང་ར་རྔ་ཁའི་ས་དབྱིབས་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཡོད་པ་དང་།འགྲན་ཞུགས་འོས་མི་ཚོ་གཞུང་ལམ་ཁོད་སྙོམས་པོར་མགྱོགས་པོ་རྒྱུག་ཆོག་ལ། ལ་ཐུར་རན་པ་ཡོད་པས་ཕུགས་རིང་ཐུང་དང་ལག་རྩལ་ལ་ཉམས་སད་ཀྱང་ཐེབས་ཐུབ། འགྲན་སྡུར་གྱི་རྩལ་འགྲན་རང་བཞིན་དང་ལྟ་རོལ་རང་བཞིན་ཟུང་འབྲེལ་ལེགས་པོ་ཡོང་བའི་འགན་ལེན་བྱས་ཡོད་པ་དང་ཆབས་ཅིག། འགྲན་སྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་ཚོ་ཆུང་མང་པོ་བཙུགས་ནས་ལོ་ན་ཆེ་ཆུང་དང་ཆུ་ཚད་མི་འདྲ་བའི་མི་ཚོགས་ཀྱི་དགོས་མཁོ་བསྐངས་པ་རེད།

དར་མདོ་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ང་ཚོས་རྐང་འཁོར་དང་རྐང་ཐང་འགྲན་རྩོད་གྲགས་རྟགས་འགྲན་སྡུར་སྤེལ་ཏེ། དར་མདོའི་རང་བྱུང་ཐོན་ཁུངས་ཐུན་མོང་མ་ཡིན་པ་དང་བོད་རིགས་རིག་གནས་ཕུན་སུམ་ཚོགས་པ། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་ཀྱི་འཐབ་ཇུས་བཅས་མཉམ་འདྲེས་ཡོང་བར་རེ་བ་བྱེད་ཀྱིན་ཡོད། དེ་ནི་ལུས་རྩལ་འགྲན་སྡུར་ཞིག་ཡིན་པར་མ་ཟད། ང་ཚོས་ལུས་རྩལ་དང་ཡུལ་སྐོར་ལ་བརྟེན་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ། དར་མདོའི་སྒོ་འབྱེད་དང་གསོན་ཤུགས། སྐྱོན་མེད་བཅས་ཀྱི་རྣམ་པ་གསར་པ་བསྟན་ས་གཙོ་བོ་ཡིན་ཞེས་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)