国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས“ལྷད་མེད་སྐྱེ་ལྡན་ཁུལ”བསྐྲུན་ནས་གྲུབ་འབྲས་མངོན་གསལ་ཐོབ།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས“ལྷད་མེད་སྐྱེ་ལྡན་ཁུལ”གྱིས་སྤྱི་འདོམས་བྱ་རྒྱུར་རྒྱུན་འཁྱོངས་ཏེ། དཔང་གཅོད་གཞི་ཁྱོན་དང་། ཐོན་ལས་རྨང་གཞི། ཁྲོམ་ར་གསར་འབྱེད་སོགས་ཀྱི་ཐད་ཤུགས་རྒྱུན་མཐུད་བརྒྱབ་ནས་སྐྱེ་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་གྲངས་ཚད་མཉམ་དུ་མཐོར་འདེགས་གཏོང་བར་བསྐུལ་ཡོད་ཅིང་། གཅིག་ནི་དཔང་གཅོད་གཞི་ཁྱོན་དང་ཐོན་ལས་རྨང་གཞི་མཆོང་བརྒལ་ལྟ་བུའི་འཕར་སྣོན་བྱུང་བ་དང་། གཉིས་ནི་ཁྲོམ་རའི་ཐབས་ལམ་དང་ཕྱིར་འཚོང་དྲྭ་རྒྱ་ཁྱོན་ཡོངས་ནས་རྒྱ་སྐྱེད་བཏང་བ། གསུམ་ནི་སྤུས་རྟགས་ཀྱི་ལིང་སྟར་དང་ཐོན་ལས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་རེད།།

( བདེ་སྐྱིད་ཀྱིས་བྲིས།)