国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རོང་བྲག་ཆུ་གློག་ཁང་ལ་མ་དངུལ་སྒོར་དུང་ཕྱུར168གཏང་རྒྱུ།

312d4a10cd5200a0baf25316b2c01b99རོང་བྲག་ཆུ་གློག་ཁང་གི་ཕྱིའི་རྣམ་པ།

ཉེ་ཆར། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་རོང་བྲག་ཆུ་གློག་ཁང་ལ་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན་གྱིས་ཞིབ་མཆན་སྤྲད་པ་དེ་ལས་རྒྱལ་རོང་རྒྱལ་མོ་རྔུལ་ཆུར་གློག་སྟོང་ཝད་ཁྲི་བརྒྱ་ཅན་གྱི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་བྱ་རྒྱུ་ཡིན་པ་མཚོན་ལ། དེ་ནི《དམངས་གཉེར་དཔལ་འབྱོར་སྐུལ་འདེད་བཅའ་ཁྲིམས》བཏོན་རྗེས་རྒྱལ་ནང་དུ་སྤྱི་བསྒྲགས་འདེམས་སྒྲུག་བྱས་པར་བརྒྱུད་དེ་དམངས་ཁྲོད་མ་རྩ་བདེ་བླག་ཏུ་ནང་འདྲེན་བྱས་པའི་ཆུ་གློག་ལས་གཞི་ཐོག་མ་ཡིན་པ་རེད།

རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་འཆར་འགོད་དང་དེང་རབས་ནུས་རྒྱུའི་མ་ལག་འཆར་འགོད། དེ་བཞིན་སི་ཁྲོན་ཞིང་ཆེན“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་གཙོ་གནད་འཛུགས་སྐྲུན་ལས་གཞི་ཞིག་ཡིན་པའི་རོང་བྲག་ཆུ་གློག་ཁང་ནི་རོང་བྲག་རྫོང་གི་མངའ་ཁོངས་སུ་ཡོད། དེ་ནི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་གཙོ་རྒྱུན་གྱི“ཆུ་མཛོད་གསུམ་དང་རིམ་པ་ཉེར་བརྒྱད་པའི”སྐས་གདང་ཅན་གྱི་ཆུ་གློག་གསར་སྤེལ་འཆར་འགོད་ཀྱི་རིམ་པ9པའི་གློག་ཚུགས་ཤིག་ཡིན་པ་རེད། ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར168གཏང་རྒྱུ་ཡིན་ལ། གློག་ཤོང་ཚད་སྟོང་ཝད་ཁྲི27.5ཡོད་པའི་འཕྲུལ་འཁོར་རྐྱང་པ4སྒྲིག་སྦྱོར་བྱ་རྒྱུ་ཡིན་ཞིང་། ཤོང་ཚད་སྟོང་ཝད་ཁྲི5ཡིན་པའི་སྦག་མེད་འཕྲུལ་འཁོར་རྐྱང་པ1སྒྲིག་སྦྱོར་བྱ་རྒྱུ་རེད། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་པས་སྟོང་ཝད་ཁྲི115ལ་ཟིན་ཡོད། ལོ་རེའི་ཆ་སྙོམས་གློག་འདོན་ཚད་སྟོང་ཝད་དུང་ཕྱུར47ལས་བརྒལ་བ་དེ་ལོ་ལྟར་རྡོ་སོལ་ཚད་ལྡན་ཏུན་ཁྲི150.7ཙམ་གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི376.7ཙམ་བསྙུང་ཐུབ་རྒྱུ་རེད།

ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་ཆེད། རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་དུས་སྔོན་གྱི་མཐུན་སྦྱོར་དང་། རྒྱུ་རྐྱེན་གཙོ་བོ་འགན་ལེན། རིགས་སྒྲུབ་ཞིབ་བཤེར་སོགས་གནད་ཐུག་ས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས། རོང་བྲག་ཆུ་གློག་ཁང་བསྐྲུན་རྗེས། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྔར་བས་རོགས་རམ་བྱས་ཏེ། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་ཤུགས་ཆེ་རུ་ཕྱིན་ནས། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་མངོན་དུ་འགྱུར་བར་འདེགས་སྐྱོར་ནུས་ལྡན་སྤྲད་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)