ཉེ་ཆར། རང་ཁུལ་གྱིས་ས་གཤིས་གནོད་འཚེ་སྔོན་འགོག་ལས་དོན་གྱི་བསྐྱར་བཤེར་དབྱེ་ཞིབ་ཚོགས་འདུ་འཚོགས། ཚོགས་འདུར2025ལོའི་གནོད་འགོག་ལས་དོན་ལ་ཐོབ་པའི་ཕན་འབྲས་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་དང་ཞན་ཆ་ལ་དབྱེ་ཞིབ་བྱས་ཏེ་ས་གཤིས་གནོད་འཚེའི་ཉེན་མེད་འགོག་སྲུང་གི་ལས་ཀ་སྔར་ལས་ལེགས་པོར་གཏང་དགོས་པ་བཏོན་ཡོད། ཚོགས་འདུར་གཙོ་གནད་རྫོང(གྲོང་ཁྱེར)གི་འགོག་བཅོས་འགན་འཁུར་པ་དང་། ཡུལ་ཤོག་དང་གྲོང་རྡལ། གྲོང་ཚོ་བཅས་ཀྱི་འགན་འཁུར་བ་དང་། “ལུང་དཔོན”དང“གནས་དཔོན”བཅས་ཀྱི་འཐུས་མི། འབྲེལ་ཡོད་ཀྱི་འཆར་འགོད་བཟོ་འགོད་སྡེ་ཚན། བཅའ་སྡོད་ལྟ་སྐུལ་གྱི་ཆེད་མཁས་པ་བཅས་གདན་དྲངས་པ་རེད།
ཚོགས་འདུར་རྒྱུད་རིམ་རང་བཞིན་ལྡནན་པའི་སྒོ་ནས་སྔོན་གྱི་གནོད་འཚེའི་གནས་ཚུལ་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ལས་དོན་བསྐྱར་བཤེར་བྱས་ཏེ། ཚོགས་ཞུགས་མི་སྣས་རང་ངོས་ཀྱི་ལས་གནས་དང་ས་ཁུལ་གྱི་དོན་དངོས་ཟུང་འབྲེལ་བྱས་ཏེ་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ཉེན་བརྡ། སྐོར་ཞིབ་ཞིབ་བཤེར། ཉེན་འགོག་སྤོ་སྒྱུར། འཚུབ་བསྟུན་དང་ལེན་བཅས་ཀྱི་གཙོ་གནད་ལ་དམིགས་ནས་བསྐྱར་སྡོམ་དང་དབྱེ་ཞིབ་ཁྱོན་ཡོངས་དང་གཏིང་ཟབ་བྱས། ཚང་མས་ད་སྔར་འགན་འཁྲི་དོན་འཁྱོལ་དང་། སྔོན་ཚུད་ཉེན་བརྡ་བརྒྱུད་སྤེལ། གནོད་འཚེ་འཕྲད་སྐབས་སྤོ་སྒྱུར་སོགས་ཀྱི་ཐད་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་ཁས་ལེན་པ་དང་། ཉེན་ཁའི་འགུལ་རྣམ་ཚོད་འཛིན་དང་། ཐལ་དྲགས་པའི་གནས་ཚུལ་ལ་ཁ་གཏད་གཅོག་པ། གཞི་རིམ་གྱི་གནོད་འགོག་ནུས་པ། ལྷུ་ཚིགས་ལས་བརྒལ་བའི་མཉམ་ལས་ལས་ཆོད་བཅས་ཐད་སྔར་ལས་ཤུགས་བརྒྱག་དགོས་པར་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཚོགས་འདུར་རང་ཁུལ་གྱིས་ཕྱིན་ཆད་བློ་བརྟན་འགྱུར་མེད་ངང“མི་དམངས་ཚེ་སྲོག་གཙིགས་སུ་འཛིན་པའི”འདུ་ཤེས་ལག་ལེན་བསྟར་བ་དང་། ཐོག་མཐའ་བར་གསུམ་དུ“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འགན་སེམས་ཀྱིས་མི་དམངས་ཀྱི་ཚེ་སྲོག་ཉེན་མེད་སྲུང་སྐྱོང་བྱ་རྒྱུ་དེ་ལས་དོན་གཙོ་བོར་གཟུང་རྒྱུ། གནད་དོན་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྡེ་ཚན་ལས་བརྒལ་བའི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བརྒྱབ་སྟེ་མངོན་མེད་རྐྱེན་ངན་ཞིབ་བཤེར་ཁྱོན་ཡོངས་ནས་མཐར་ཕྱིན་སྤེལ་བ་དང་། ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས་ཞིབ་བཤེར་གྱི་ཞིབ་ཚད་དང་ལས་ཆོད་ཆེ་རུ་གཏང་དགོས། ཆབས་ཅིག་ཏུ་འཚུབ་བསྟུན་སྔོན་ཇུས་ཚན་རིག་དང་མཐུན་པ་བཟོ་བ་དང་། ཡུལ་དངོས་སུ་གྲབས་སྦྱོང་ལ་ཤུགས་རྒྱག་པ། འཚུབ་བསྟུན་བརྡ་ལེན་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱས་ནས་ཉེན་མེད་འགོག་སྲུང་གི་ར་བ་བརྟན་པོ་བསྐྲུན་དགོས་པར་བསྟན།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱི་ས་བབ་ཀྱི་ཧེ་བག་ཧ་ཅང་ཆེ་བ་དང་ས་གཤིས་གྲུབ་ཚུལ་རྙོག་འཛིང་ཆེ་བས། རི་རྡིབ་པ་དང་རི་ཉིལ་བ། འདམ་རུད་སོགས་ས་གཤིས་གནོད་འཚེ་འབྱུང་ཡུལ་མང་ལ་ཁྱབ་ཆེ་བ། མངོན་མེད་རང་བཞིན་ཆེ་བས་འགོག་བཅོས་གནས་བབས་ཛ་དྲག་ཆེ་བ་ཡིན། ད་བར། ཁུལ་ཡོངས་སུ་ཐོར་བཀོད་པའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཀྱི་འབྱུང་ཡུལ3864ཡོད་པས་ཞིང་ཆེན་ཡོངས་ཀྱི་མངོན་མེད་རྐྱེན་ངན་འབྱུང་ཡུལ་བསྡོམས་འབོར་གྱི་བརྒྱ་ཆ22.8ལ་ཟིན་ཡོད། ད་ལོར་ཁུལ་ཡོངས་སུ་ས་གཤིས་གནོད་འཚེའི་འབྱུང་ཡུལ352ཐོན་པས་ན་ནིང་དང་བསྡུར་ན་བརྒྱ་ཆ55འཕར་ཡོད། དེའི་ནང་འདམ་རུད་བརྒྱ་ཆ་བདུན་བཅུ་ཙམ་ལ་ཟིན་པ་རེད། ད་ཐེངས་ཀྱི་ཚོགས་འདུར་ཕྱོགས་ཡོངས་ནས་གསེད་བཀྲོལ་དང་ཕྱིར་འདང་ཟབ་མོ་བརྒྱབ་པ། སྤེལ་རེས་གང་ལེགས་བཅས་བྱས་ནས་བསམ་བློ་སྔར་བས་གཅིག་གྱུར་དང་ཁ་ཕྱོགས་གསལ་པོ་བཏོན་ཏེ་དཀར་མཛེས་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་ཐད་རྨང་གཞི་བརྟན་པོ་བཏིང་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
