སྟོན་ཁ་ནི་རྩི་ཤིང་སྣ་ཚོགས་ཀྱི་འབྲས་བུ་སྨིན་ནས་ས་གཞི་ཆེན་པོར་དྲི་ངད་འཐུལ་བའི་དུས་བཟང་ཡིན། དཀར་མཛེས་ཁུལ་གྱི་སྟོན་ཁའི་མཛེས་ལྗོངས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་སྟེ། ནམ་མཁའ་དྭངས་ཤིང་གཙང་ལ། སྤྲིན་དཀར་བལ་ལྟར་འཇམ་ཞིང་། གངས་རི་ཤེལ་གྱི་མཆོད་རྟེན་འདྲ་ལ། རྩྭ་ཐང་གཡུ་ཡི་མེ་ལོང་བཞིན། འབྲས་ལྡན་རྩི་ཤིང་ཁུར་དུ་དུད་པ་དང་། བོད་ཁང་བརྗིད་ཆགས་སེར་གནས། ས་གཞི་ཀུན་ཏུ་གསེར་གྱི་གོས་བཟང་བཀླུབས་པ་དང་ཡོངས་སུ་མཚུངས། སྟོན་ཁའི་ཉི་འོད་ཀྱི་དྲོད་ཁོལ་ལ་བརྟེན་ནས་འོ་སེ་འབྲས་བུ་སྨིན་པའི་དྲི་ཞིམ་ས་གཞིར་འཐུལ་ཞིང་། སྟོན་ཁའི་མཛེས་ཉམས་ཀྱིས་ཕྱུག་པའི་བདེ་སྐྱིད་དཔལ་དུ་འབར་རོ།།
(བདེ་ཆེན་གྱིས་བྲིས།)
