国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་སྐབས་བཅུ་གཉིས་པའི་ནོར་སྲིད་ དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ ཐེངས་བཅུ་གཉིས་པ་འཚོགས།

སྤྱི་ཟླ12པའི་ཚེས19ཉིན། ཁུལ་ཨུ་སྐབས་བཅུ་གཉིས་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་བཅུ་གཉིས་པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་རྩོམ་ཡིག་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། འབྲེལ་ཡོད་སྙན་ཞུར་ཉན་འཇོག་དང་ཕྱིན་ཆད་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥུང་ཧྥ་ཀུའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་འདུར་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སུ་ཏོག་གསར་རིམས་བབ་དང“9·5”ལྕགས་ཟམ་རྫོང་དུ་བྱུང་བའི་ས་འགུལ་སོགས་ཕྱི་རོལ་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ངན་པར་འཕྲད་པ་ན་ཁུལ་ཡོངས་ཀྱིས་གོང་འོག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་དཔལ་འབྱོར་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཕྱོགས་གཅིག་ནས་དཔལ་འབྱོར་དམ་འཛིན་དང་ཕྱོགས་གཅིག་ནས་བདེ་འཇགས་དམ་འཛིན་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་བརྟན་ཐོག་ཡར་སྤེལ་དང་། འཕེལ་རྒྱས་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། ཐོན་ལས་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་དང་། དམངས་འཚོའི་རྨང་གཞི་བརྟན་པོ་དང་སྟོབས་ལྡན་དུ་གྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད།

ཚོགས་འདུར་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་གྲོས་ཚོགས་ཐེངས་ཉེར་གཉིས་པ་དང་ཉེར་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཏང་ཨུ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བླང་བྱ་ལག་ལེན་ནན་ཏན་བསྟར་ཏེ། ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་དཀའ་ངལ་ལ་གདོང་གཏད་དེ་སྟོབས་ཤུགས་སྔར་ལས་ཆེ་རུ་བཏང་ནས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་དམིགས་ཚད་དང་ཞན་ཆ་ཁ་གསབ་བྱས་ནས་ད་ལོའི་དམིགས་འབེན་ལས་འགན་གཏན་ལ་ཕབ་ནས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏང་དགོས། ཁྲོམ་རའི་བྱེད་པོར་གཉེར་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ནོར་ཁུངས་དང་ཁྲལ་ཁུངས་ཧུར་ཐག་གསར་འབྱེད་བཅས་བྱ་དགོས། དུས་མཉམ་དུ་གོང་ལ་འབྲེལ་གཏུག་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འོག་ཕྱོགས་ལ་གཅིག་གྱུར་འཆར་འགོད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་ཁེ་ལས་བསྡོམས་རྩིས་མཛོད་དུ་འཇུག་པའི་ལས་དོན་ལེགས་པར་བསྒྲུབས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལེགས་འགྲུབ་ཧུར་ཐག་བྱ་དགོས།

གྲོས་ཚོགས་སུ་སང་ལོའི་ལས་དོན་འཆར་འགོད་བཀོད་སྒྲིག་ཡག་པོ་བྱས་ཏེ། དཔལ་འབྱོར་ལས་དོན་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱ་དགོས། ལྷག་པར་དུ་ལས་འགན་ཞིབ་ཕྲ་དང་དབྱེ་འབྱེད། འགན་འཁྲི་དམ་ཟབ་བཅས་བྱས་ནས་དུས་ཚིགས་དང་པོའི“འགོ་ཡག་པོ་བཙུགས་པ”མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་དགོས་ཞེས་ནན་པོར་བསྟན་པ་རེད།

ཚོགས་འདུར2025ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དམིགས་འབེན་སྔོན་དཔག་ལེགས་གྲུབ་བྱས་ཚུལ་དང་ཁུལ་སྲིད་གཞུང་གི་བུ་ལོན་དོ་དམ་ལས་དོན་གནས་ཚུལ་སྙན་ཞུར་ཉན་འཇོག་དང་། འབྲེལ་ཡོད་ལས་དོན་ལ་གྲོས་ཞིབ་བྱས་པ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)