国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ངོ་དོན་ལྔ་འོད་སྟོང་རབ་ཏུ་འཕྲོས། རྒྱང་ལམ་གསར་པར་གོམ་སྟབས་ཆེན་པོས་སྐྱོད།

རང་ཁུལ་གྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཏུའུ་དུང་ཕྱུར600ལས་བརྒལ།

སྤྱི་ཟླ12པའི་ཚེས17ཉིན། གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དང་པོ་ནས་ཟླ་བ11པའི་བར། རང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཏུའུ་དུང་ཕྱུར644.27ལ་ཟིན་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ12.6འཕར་ཡོད། བསྡོམས་འབོར་དེ2024ལོའི་ལོ་ཧྲིལ་པོའི་ཏུའུ་དུང་ཕྱུར29.65ལས་བརྒལ་ནས་ཁྱིམ་ཚང་ཁྲི2000ཡི་ལོ་གཅིག་གི་གློག་སྤྱོད་ཚད་དང་མཚུངས། དེའི་ནང་ལྕགས་ཟམ་ཁ་དང་འབའ་ཐང་གློག་ཁང་སོགས་གསར་དུ་བསྐྲུན་པའི་ལས་གྲྭ་ཡིས་གློག་ཏུའུ་དུང་ཕྱུར38.7བྱས་རྗེས་སུ་ཕུལ་ནས་ཁུལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ལོ་རེའི་ཐོན་ནུས་བརྒྱ་ཆ15.3འཕར་རྒྱུར་བསྐུལ་ཏེ། གློག་ཚད་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)